ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲའོ་པིན་ཧྲན་གྱིས་བོད་ལྗོངས་ས་ཡོམ་གནོད་ཁུལ་དུ་སྐྱོབ་གསོ་དངུལ་ས་ཡ་བདུན་ཕུལ།

2015-05-21

ཟླ ༥ པའི་ཚེས ༢༡ ཉིན། ཧྭ་ནུབ་གྲོང་ཁྱེར་གྱི་ཚགས་སུ་ཀྲའོ་པིན་ཧྲན་གྱིས་ད་ལོའི་བལ་བོའི་ས་ཡོམ་དྲག་པོའི་ཁྲོད་གནོད་ཐེབས་བྱུང་བའི་བོད་ལྗོངས་ས་ཁུལ་དུ་སྒོར་བྱེ་བ་བདུན་གྱི་སྐྱོབ་གསོ་དངུལ་ཕུལ་ཡོད་པའི་གསར་འགྱུར་བཀོད་འདུག

གསར་ལམ་དུ། ད་ལོའི་ཟླ ༤ པའི་ཚེས ༢༥ ཉིན། བལ་བོར་རིམ་པ ༨﹒༡ གི་ས་ཡོམ་དྲག་པོ་བྱུང་མུར། བོད་རང་སྐྱོང་ལྗོངས་ཀྱི་གཉའ་ལམ་དང་སྐྱིད་རོང་། དིང་རི་སོགས་རྫོང་ལ་འགུལ་རླབས་དྲག་པོ་བྱུང་སྟེ་མི་ཤི་རྟ་འགྱེལ་དང་ཡོམ་འཕྲོ་ཡང་ཡང་བྱུང་བ་སྐད་གྲགས་ཆེ་བའི་འཁྲབ་སྟོན་པ་ཀྲའོ་པིན་ཧྲན་ལགས་ནས་ཐོས་བ་ན་སེམས་ཁུར་ཚད་མེད་བྱེད་བཞིན་ཡོད་སྐོར་དང་། ཟླ ༥ པའི་ཚེས ༢༠ ཉིན་ཀྲའོ་པིན་ཧྲན་གྱིས་འགྲེམ་བརྡ་མགྲིན་ཚབ་པ་བྱས་པ་ལས་ཐོབ་པའི་སྒོར་བྱེ་བ་བདུན་ལས་སྐར་གཅིག་ཀྱང་སྒེར་ཉར་མ་བྱས་པར་བོད་ལྗོངས་ས་ཡོམ་གནོད་ཁུལ་དུ་ཕུལ་ནས།བོད་ཡུལ་གནོད་ཁུལ་དུ་ཡོད་པའི་མི་སེར་ལ་ཐུགས་ཁུར་གནང་བཞིན་མཚོན་པར་བྱས་ཞེས་བཀོད་འདུག

པིན་ཧྲན་སྨྱན་སྦྱོར་གྱི་རིག་རྩལ་སྤྱི་འདོམས་པ་ལུའུ་ཧྲེང་ཕིན་གྱིས་ཀྲའོ་པིན་ཧྲན་གྱི་ཚབ་བྱས་ཏེ་གསར་འགོད་པར། འགྲེམ་བརྡའི་མགྲིན་ཚབ་ལས་ཐོབ་པའི་ཁྲལ་རྗེས་ཀྱི་སྒོར་བྱེ་བ་བདུན་པོ་བོད་ལྗོངས་ས་ཡོམ་གནོད་ཐེབས་ཁུལ་དུ་ཕུལ་ཏེ།སློབ་ཆུང་གཉིས་བཙུགས་ནས་གནོད་ཁུལ་བྱིས་པ་སྔ་མོར་སློབ་གྲྭར་ལོག་ཐུབ་པར་ཡོང་རྒྱུ་ནི་ཀྲའོ་པིན་ཧྲན་གྱི་ཆེས་ཆེ་བའི་རེ་འདོད་ཡིན་པར་སྐད་འདུག

དེ་མིན་གསར་ལམ་དུ་ད་དུང་། ༢༠༡༣ ལོའི་ཟླ ༤ པར་གཡག་རྔ(ཡཱ་ཨན)ས་ཡོམ་གྱི་སྐབས་སུ། ཀྲའོ་པིན་ཧྲན་གྱིས་ཧྭ་ནུབ་གྲོང་ཁྱེར་ཚགས་བརྒྱུད་ནས་གནོད་ཐེབས་ཁུལ་དུ་སྒོར་བྱེ་བ་གསུམ་ཕུལ(ཀྲའོ་པིན་ཧྲན་དང་པིན་ཧྲན་སྨྱན་སྦྱོར་འཁྲབ་སྟོན་པས་མཉམ་དུ་ཕུལ་བ་ཡིན་འདུག་ལ། དེའི་ཁྲོད་སྒེར་ནས་སྒོར་བྱེ་བ་གཉིས་ཡོད)མྱོང་བའི་སྐོར་དང་། ལུའུ་ཧྲན་གནོད་ཁུལ་དུ"པིན་ཧྲན་སློབ་གྲྭ"ཞེས་པ་བཙུགས་པ་དང་། ཁོས་རི་མོ་བ་གྲགས་ཅན་ཧྭང་ཡོན་གཡུ་གདན་དྲངས་ནས་སློབ་གྲྭ་འདིའི་མིང་བྲིས་ཡོད་ཚུལ་དང་།མིག་སྔར་སློབ་གྲྭ་ཡོངས་སུ་ཚགས་པར་མ་ཟད། ཟླ ༩ པར་སློབ་འགོ་ཚུགས་རྒྱུ་དང་ཀྲའོ་པིན་ཧྲན་ཡང་སློབ་ཚུགས་མཛད་སྒོའི་ཐོག་ཕེབས་གྲབས་ཡོད་སྐོར་ནས་བརྗོད་འདུག

ལུའུ་ཧྲེང་ཕིན་ནས། བརྩེ་བ་རྣལ་མས་སྤྱི་ཚོགས་ཀྱི་དྲིན་བསབས་ནས། འགན་འཁྲི་སྔར་ལས་མང་པོ་ཁུར་རྒྱུ་ནི་དགེན་ཀྲའོ་པིན་ཧྲན་སེམས་སུ་བཅགས་ཡོད་པ་དང་། ཟླ ༥ པའི་ཚེས ༢༠ ཉིན་བོད་ལྗོངས་གནོད་ཁུལ་དུ་ཕུལ་བའི་སྐྱོབ་གསོ་སྒོར་བྱེ་བ་བདུན་པོ་བསྣན་ན་ཀྲའོ་པིན་ཧྲན་དང་ཁོའི་ཚོགས་པས་སྔ་རྗེས་སུ་དགེ་སྒྲུབ་ཕྱོགས་སུ་བཏང་བའི་དངུལ་གྲངས་བྱེ་བ་དྲུག་ལ་བུད་འདུག་པའི་སྐོར་བརྗོད་ཡོད།

འབྲེལ་ཡོད་རྩོམ་ཡིག