ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱལ་སྤྱིའི་བུད་མེད་ཐད་ཀྱི་བྱ་གཞག་བསྒྲུབ་མཁན་འགས་ཕོང་ཡང་ཚོགས་འདུར་ཕོ་མོ་འདྲ་མཉམ་སྐོར་གླེང་།

2015-05-25

ཟླ ༥ བའི་ཚེས ༢༢ ཉིན་ཁོར་བྱང་ཀྲུང་དབྱང་ཆ་འཕྲིན་ཁང་གིས་བཀོད་པ་ལྟར་ན།རྒྱལ་སྤྱིའི་བུད་མེད་ཐད་ཀྱི་སྤྱི་ཚོགས་བྱ་གཞག་བསྒྲུབ་མཁན་འགའ་མི་འགྱངས་བར་རྐང་ཐང་དུ་ཁོ་རེ་ཡ་བྱང་མ་དང་ལྷོ་མའི་དམག་དོན་མིན་པའི་ཁུལ(DMZ)བརྒྱུད་པ་དང་།ཁོར་བྱང་བུད་མེད་ཀྱིས་ཚེས ༢༡ ཉིན་ཕོང་ཡང་ནས་ཁོང་ཚོ་དང་མཇལ་འཕྲད་གནང་ཞིང་གྲོས་མོལ་ཚོགས་འདུ་འཚོགས།ཁོང་ཚོས་བཤད་རྒྱུར།ཁོར་བྱང་གིས་ཕོ་མོ་འདྲ་མཉམ་སྐོར་གྱི་བཀའ་ཁྲིམས་ཁྱབ་བསྒྲགས་བྱས་ཡོད་པ་དང་།དེ་ནི་བུད་མེད་ལའང་སྐྱེས་པ་དང་འདྲ་བའི་ཐོབ་ཐང་དང་དབང་ཆ་ལྡན་པར་བྱས་ཏེ།རྒྱལ་ཁབ་ཀྱི་ཆབ་སྲིད་དང་།དཔལ་འབྱོར།རིག་གནས་བཅས་ཀྱི་འཚོ་བའི་ཐད་རང་གི་བསམ་འཆར་དང་བློ་བཀོད་འདོན་ཆེད་ཡིན་ཟེར།

ཚོགས་འདུའི་སྟེང་།ཁོང་ཚོའི་ཁྲོད་ཀྱི་གཏམ་བཤད་མཁན་མང་པོ་ཞིག་གིས་ཨ་རིས་ཁོར་ལྷོ་རུ་ཉིང་རྡུལ་མཚོན་ཆ་སྒྲིག་གཤོམ་བྱས་པ་དང་།མཉམ་འབྲེལ་གྱིས་ལོ་རེ་རེར་དངོས་སྦྱོང་བྱེད་པའི་ལུགས།ཡང་ཉི་ཧོང་གིས་བཙན་འཛུལ་དམག་འཁྲུག་བསླངས་ནས་བུད་མེད་ལ་བརྙས་བཅོས་ཚད་མེད་བྱས་པ་བཅས་ལ་སུན་འབྱིན་ནན་མོ་བྱེད་བཞིན་འདུགཁོ་ཚོས་ད་དུང་བཤད་རྒྱུར།ཁོར་བྱང་གླིང་ཕྱེད་ཡུན་རིང་བོར་ཁ་བྲལ་བའི་རྣམ་པ་དེ་སྔ་མོ་ནས་མཇུག་རྫོགས་པར་བྱེད་དགོས་པ་དང་།དེའི་གཅིག་གྱུར་དང་ཞི་བདེ་ལ་རྒྱབ་སྐྱོར་གང་ལེགས་བྱེད་དགོས་ཟེར།

ཐེངས་འདིའི་ཁོ་རེ་ཡ་བྱང་མ་དང་ལྷོ་མའི་དམག་དོན་མིན་པའི་ཁུལ་བརྒྱུད་པའི་བྱ་འགུལ་ནི་ཨ་རིའི་གྷི་ལོ་རེ་མཱ་རེ་སི་ཐེན་ནེམ (Gloria Marie Steinem)གྱིས་མདོ་འཛིན་མཛད་པ་དང་།མོ་རང་ནི་བུད་མེད་ཀྱི་ཐོབ་ཐང་དང་དབང་ཆ་བརྩོན་ལེན་བྱེད་མཁན་ཞིག་ཡིན་ལ།གཞན་བྱ་འགུལ་འདིར་ཞུགས་མཁན་གྱི་ཁྲོད་དུ་ཨ་རི་དང་།དབྱིན་ཇི།ཉི་ཧོང་བཅས་ནས་ཡོང་བའི་བུད་མེད་ཐད་ཀྱི་བྱ་གཞག་བསྒྲུབ་མཁན ༣༠ ལྷག་ཡོད་ཅིང་།༡༩༧༦ ལོ་དང ༢༠༡༡ ལོར་ནོ་པེལ་ཞི་བདེ་བྱ་དགའ་ཐོབ་མཁན་གྱི་ཨེར་ལན་བྱང་མའི་མཱེ་ལེ་ཡ་ཏི་མཱ་ཀེའར་དང་།ལི་པེ་རི་ཡའི་ལེ་མེ་ཀུ་པའོ་ཝེ(Gloria Marie SteinemLeymah Gbowee)ཡང་ཞུགས་ཡོད།

འབྲེལ་ཡོད་རྩོམ་ཡིག