ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧོ་ནན་གྱི་རྒན་གསོ་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་མི ༣༨ རྐྱེན་ལམ་དུ་ཤོར།

2015-05-26 ཀླུ་འབུམ།

དོན་རྐྱེན་བྱུང་སའི་ཡུལ་དངོས།

དོན་རྐྱེན་བྱུང་སའི་ཡུལ་དངོས།

སྨན་བཅོས་རོགས་སྐྱོབ་མཁན་ཡུལ་དངོས་སུ་འབྱོར་བ།

ཟླ ༥ ཚེས ༢༥ ཉིན་གྱི་དུས་ཚོད ༢༠ ཡས་མས་སུ། ཧོ་ནན་ཕིང་ཏིན་ཧྲན་གྲོང་ཁྱེར་ལུའུ་ཧྲན་རྫོང་གྲོང་ནུབ་ཆིན་ཐེ་དོན་གཅོད་ཁང་སན་ལི་ཧོ་གྲོང་ཚོའི་རྒན་གསོ་ཁང་ཞིག་ཏུ་མེ་སྐྱོན་བྱུང་བ་དང་། ཚེས ༢༦ ཉིན་གྱི་ཞོགས་པའི་དུས་ཚོད ༤ དང་ཕྱེད་ཀའི་སྐབས། ཉེན་སེལ་རོགས་སྐྱོབ་མི་སྣས་ཁྱོན་བསྡོམས་མི ༤༤ བསྐྱབས་པ་དང་། དེའི་ཁྲོད་ནས་མི ༣༨ རྐྱེན་ལམ་དུ་ཤོར། མི ༤ ལ་རྨས་སྐྱོན་ཆུང་ངུ་དང་མི ༢ ལ་རྨས་སྐྱོན་ལྕི་མོ་ཕོག་ཡོད། རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ཟིན།

ཧོ་ནན་བརྙན་འཕྲིན་ཁང་གི་གསར་འགོད་པ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་སླེབས་དུས། རྒན་རྒོན་ཁ་ཤས་ད་རུང་དེ་རུ་བསྡད་ཡོད་པ་རེད། རྒན་རྒོན་ལ་ལས་མེ་སྐྱོན་བྱུང་རྐྱེན་ནི་གློག་ལམ་ལ་གནད་དོན་བྱུང་བས་རེད་ཟེར། རྒན་གསོ་ཁང་གང་བོར་རྒན་རྒོན ༡༠༠ ལྷག་ཡོད་པ་དང་། རང་སྒེར་གྱིས་འགུལ་སྐྱོད་མི་ཐུབ་པ་དང་འགུལ་སྐྱོད་ནུས་པ་མེད་པའི་རྒན་རྒོན་རྣམས་ཁུལ་གཞན་ཞིག་ཏུ་ཡོད་འདུག མེ་སྐྱོན་བྱུང་བའི་སྐབས་ལ་ཞ་འཁུམས་ཅན་གྱི་རྒན་རྒོན་རྣམས་ཁང་པ་ནས་ལུས་པ་རེད། དུས་ཚོད ༢ ཡས་མས་སྐབས་ལ་ཡུལ་དངོས་ཀྱི་མེ་ད་རུང་ཡོངས་སུ་བསད་ཐུབ་མེད། ཉེན་སེལ་རོགས་སྐྱོབ་མི་སྣས་རླངས་འཁོར་སྤྱད་དེ་ཡུལ་དངོས་གཙང་བཤེར་བྱེད་བཞིན་ཡོད།

རྒྱུས་ལོན་བྱས་ཏེ་ཤེས་གསལ། རྒན་གསོ་ཁང་འདི་ནི་དམངས་སྒྲུབ་རྒན་གསོ་ཁང་ཞིག་ཡིན་པ་དང་། ད་ལྟའི་བར་བཙུགས་ནས་ལོ་བཅུ་ལྷག་འགོར་ཡོད་པ་རེད། ཡུལ་དེའི་མང་ཚོགས་ཀྱིས་བརྗོད་དོན། མེ་སྐྱོན་བྱུང་བའི་སྐབས་རྒན་གསོ་ཁང་དུ་རྒན་རྒོན ༡༦༠ ལྷག་བསྡད་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག