ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རང་ཤི་རྒྱག་པ་དེ་འཛམ་གླིང་གི་གཞོན་ནུ་མའི་འཆི་རྐྱེན་ཨང་དང་པོར་གྱུར།

2015-05-26 ཟླ་བ།
   ཕྱི་ཟླ 5 པའི་ཚེས 26 ཉིན་ཕྱིའི་གསར་ལམ་ཏུ་བཀོད་པ་ལྟར་ན། རང་ཤི་རྒྱག་པ་དེས་ཕྲུ་གུ་བཙའ་དཀའ་བའི་ཚབ་བྱས་ཏེ་འཛམ་གླིང་གི་གཞོན་ནུ་མ་དག་གི་འཆི་རྐྱེན་ཨང་དང་པོར་གྱུར་ཡོད་སྐོར་ཉེ་སྔོན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྙན་ཞུ་ཞིག་ལས་བསྒྲགས་འདུག
   བརྗོད་གསལ་ལྟར་ན། སྙན་ཞུ་དེའི་ནང་གི་གཞི་གྲངས་ལས་མངོན་པ་ལྟར་ན་ཨེ་ཤ་ཡ་ཤར་ལྷོར་ཆ་སྙོམས་ལོ་རེར་ལོ 15 ནས 19 བར་གཞོན་ནུ་མ་འབུམ 1 ཤི་བའི་ཁྲོད་མི 27.92 རང་ཤི་བརྒྱབ་པ་དང་། སྐྱེས་པ་ནི 21.41 རེད་འདུག  དེ་ལ་ཡོ་རོབ་དང་མེ་གླིང་གཉིས་ནི་སོ་སོར་མི 6.15 དང 4.72 ཡིན་པ་དང་། འཛམ་གླིང་གི་ཆ་སྙོམས་གྲངས་ཐང་ནི 11. 73 ཡིན་འདུག
   སྙན་ཞུ་ལས། ལོ་མང་རིང་བཙའ་དཀའ་བ་དེ་ལོ་ཚོད་འདིའི་བུད་མེད་དག་གི་འཆི་རྐྱེན་གཙོ་བོར་གྱུར་ཡོད་ནའང་། འདས་པའི་ལོ 10 ཡི་ནང་། རང་ཤི་རྒྱག་པ་དེས་བཙའ་དཀའ་བའི་ཚབ་བྱས་ཏེ་འཛམ་གླིང་གི་བུད་མེད་ལོ་གཞོན་དག་གི་འཆི་རྐྱེན་གཙོ་ཤོས་ཆགས་ཅེས་བརྗོད་ཡོད་འདུག
   སྙན་ཞུའི་ནང་འཛམ་གླིང་གི་ཡུལ་གྲུ་ཁག་སྟེ་མེ་གླིང་དང་ཨེ་ཤ་ཡ་ཤར་ལྷོ། དབུས་ཤར། ཡོ་རོབ། ཧྥེ་གླིང་དང་ཞི་བདེ་རྒྱ་མཚོ་ནུབ་བཅས་ས་ཁུལ 6 ལས་ཧྥེ་གླིང་ཁོ་ནར་བཙའ་དཀའ་བ་དང་ཨེ་ཛིས་མང་ཆེ་བ་ཟིན་པའི་དབང་གིས་རང་ཤི་རྒྱག་པ་དེ་འཆི་རྐྱེན་གཙོ་བོ 5 གྲས་སུ་ཚུད་མེད་འདུག
   ཨེ་ཤ་ཡ་ཤར་ལྷོ་རུ་གཞོན་ནུ་མ་རང་ཤི་རྒྱག་ཚད་དེ་འཆི་རྐྱེན་གཞན་ལས་ཉིས་འགྱུར་གྱིས་མཐོ་ཞིང་། བུད་མེད་ལ་མཐོང་ཆུང་བྱེད་ཚབས་ཆེ་བའི་རྒྱུ་མཚན་གྱིས་ཡིན་ཚུལ་ཆེད་མཁས་པས་བརྗོད་འདུག(རྩོམ་འགན་པ། རྟ་མགྲིན)
 
འབྲེལ་ཡོད་རྩོམ་ཡིག