ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ན་ནིང་ཨ་རིར་འགྲིམ་པའི་ཀྲུང་གོའི་སློབ་མ༨༠༠༠སློབ་གྲྭ་ལས་ཕྱིར་བསྐྲད་འདུག

2015-05-29
          ཟླ ༥ པའི་ཚེས ༢༦ ཉིན།  ཨ་རིའི་ཧུ་རེན་སློབ་གསོས《༢༠༡༥ ལོའི་ཨ་རིར་སྡོད་པའི་ཀྲུང་གོའི་ཕྱི་འགྲིམས་སློབ་མའི་གནས་ཚུལ་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ》(གཤམ་དུ་རྒྱབ་ཤ་དཀར་པོའི་དེབ)བཀྲམས།   རྒྱབ་ཤ་དཀར་པོར།  ཨ་རིར་སློབ་གཉེར་དུ་ཕེབས་པའི་ཀྲུང་གོའི་ཕྱི་འགྲིམས་སློབ་མ ༨༠༠༠ སློབ་གྲྭ་ནས་ཕྱིར་འབུད་བཏང་བའི་སྐོར་བཀོད་འདུག
          འདི་ནི་ཧུ་རེན་སློབ་གསོས《ཨ་རིར་སྡོད་པའི་ཀྲུང་གོའི་ཕྱི་འགྲིམས་སློབ་མའི་གནས་ཚུལ་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ》བཀྲམ་ཐེངས་གཉིས་པ་རེད།  ཧུ་རེན་སློབ་གསོ་ནི ༢༠༡༠ ལོར་གསར་དུ་བཙུགས་པའི་ཨ་རིའི་སློབ་གསོའི་བློ་འདྲི་ཡུལ་ཀུང་སི་ཞིག་ཡིན་ལ།   དེས་ཨ་རིར་སྡོད་པའི་ཀྲུང་གོའི་སློབ་མར་ཞབས་ཞུ་བྱེད་ཀྱི་འདུག
          གཞི་གྲངས་ལ་གཞིགས་ན། སློབ་གྲྭ་ནས་ཕུད་པའི་སློབ་མ་དེ་དག་སྤྱི་ལ་ཁྱད་ཆོས་ཤིག་ཡོད་པ་ནི།   བརྒྱ་ཆའི ༨༠.༥༥ ནི་རིག་གཞུང་གི་རྣམ་འགྱུར་དང་རིག་གཞུང་ཞིབ་འཇུག་གི་སྤྱོད་ལམ་རྣམ་དག་མིན་པ་དང་།  བརྒྱ་ཆའི ༦༩.༤༣ ནི་ཨ་རིར་སླེབས་ནས་ལོ་གཉིས་འགོར་མེད་པ།   སློབ་གྲྭ་ནས་ཕྱིར་འབུད་བཏང་བའི་སློབ་མ་ལས་བརྒྱ་ཆའི ༨༨.༧ ནི་ལོ ༡༨ ནས ༢༥ བར་ཡིན་པ།   བརྒྱ་ཆའི ༧.༩༠༤ ནི་དངོས་གཞི་དང་ཤེས་རམས་པ་འདོན་སྒང་ཡིན་པ་རེད།
          ཁྲེན་ཧང་ནི་གཞི་གྲངས་ཁྱབ་བསྒྲགས་བྱེད་མཁན་གྱི་དབུ་བཞུགས་དཔོན་པོ་ཡིན་པའི་ཆ་ནས།  《ཕྱི་འགྲིམས་སློབ་མའི》དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱེད་དུས།    སློབ་གྲྭ་ནས་ཕུད་པའི་སློབ་མ་དག་གིས་ཕྱི་འགྲིམས་སློབ་མ་སྤྱིའི་བརྒྱ་ཆའི ༣ ཡས་མས་ཙམ་ཟིན་ཡོད་པ་དང་།  ན་ནིང་སློབ་གྲྭ་ནས་ཕུད་པའི་ཀྲུང་གོའི་ཕྱི་འགྲིམས་སློབ་མ་ཁྱོན་བསྡོམས ༨༠༠༠ ལྷག་འདུག    དེའི་ནང་སློབ་མཐར་ཕྱིན་ཐབས་མེད་པའི་སློབ་མ་འདུས་མེད་ཟེར།
          དེ་ལས་དོ་སྣང་བྱ་འོས་པ་ཞིག་ལ།   རིག་གཞུང་ཞིབ་འཇུག་གི་ཀུན་སློང་རྣམ་དག་མིན་པ་དང་སྤྱོད་ལམ་ཚུལ་མིན་གྱི་དབང་གིས་སློབ་གྲྭ་ནས་ཕུད་པ་ཅུང་མང་པའི་ཚད་དུ་སླེབས་འདུག་ཅིང་།   སློབ་གྲྭ་ནས་ཕུད་པ་རྣམས་སློབ་སྦྱོང་ལ་ཞན་པ་མིན་ཏེ།  གྲལ་འགོར་གནས་བིའ་སློབ་ཆེན་སྐད་གྲགས་ཅན ༡༠༠ ཡི་སློབ་མས་བརྒྱ་ཆའི ༦༠ ཟིན་འདུག    གཞི་གྲངས་འདིའི་ནང་ཉར་པའི་སློབ་གྲྭ་ནས་ཕུད་པའི་སློབ་མ་བཅུ་ལྷག་ནི་ཁྲང་ཁྲོན་ཐིན་སློབ་ཆེན་ནས་ཀྱང་ཡོད་རེད།   རྩིས་ཚན་བཟོ་ལས་ཆེད་ལས་ཀྱི་སློབ་མ་དང་དཔལ་འབྱོར་ཚོང་ལས་དོ་དམ་རིགས་ཀྱི་ཆེད་ལས་སློབ་མ།   ཁུལ་བཙུགས་སློབ་ཆེན་ཆེ་ཤོས།  ལོ་ན་ཆུང་པའི་ཕྱི་འགྲིམས་སློབ་མ་བཅས་ནི་སློབ་གྲྭ་ནས་ཕྱིར་འབུད་བཏང་བ་གཙོ་བོར་གྱུར་འདུག
          རྒྱབ་ཤ་དཀར་པོའི་དེབ་ཏུ་སྡོམ་རྩིས་བྱས་པ་ལྟར་ན།   སློབ་གྲྭ་ནས་ཕུད་པའི་ཕྱི་འགྲིམས་སློབ་མ་དག་ནི་ཁཱ་ལེ་ཧྥོར་ཉི་ཡ་དང་།   ཉུག་ཡོག བྷེན་སི་ཧྥོར་ཉི་ཡ།    ཨོ་ཧེ་ཨུ།  དབྱི་ལེ་ནོ་ཡེ།  མཱ་ས་ཁྲོ་སེ་སོགས་ས་ཁུལ་དུ་འདུས་ཡོད་པ་རེད། 
          ད་རེས་ཀྱི་ཨ་སྡོད་ཀྲུང་གོའི་ཕྱི་འགྲིམས་སློབ་མའི་གནས་ཚུལ་ལ་བརྟག་དཔྱད་བྱས་པའི་མ་དཔེའི་མི་ཚོགས་ཁྲོད།  སློབ་གྲྭ་ནས་ཕྱིར་ཕུད་པའི་སློབ་མ་ལས་ཕོ་ཡིས་བརྒྱ་ཆའི ༦༡.༦ ཟིན་ཡོད་པ་དང་།  མོ་ཡིས་བརྒྱ་ཆའི ༣༨.༤ ཟིན་ཡོད།  ཕོ་མོའི་བསྡུར་ཚད་ནི ༦:༤ རེད།   དེ་ལས་ཀྱང་ཉེན་ཁ་ཆེ་ཤོས་ཁྲོད་ལོ་ན ༢༥ ཡི་ཡན་གྱི་བུ་མོ་ནི་བུ་ལས་མང་པ་དང་།   བུ་མོའི་ཁྲོད་རིག་གཞུང་གི་ཀུན་སྤྱོད་རྣམ་དག་མིན་པའི་བསྡུར་ཚད་ནི་ཕོ་ལས་བརྒྱ་ཆའི ༡༠ ཡིས་མང་།   དེར་བསྟུན་རིག་གཞུང་སྤྱོད་ལམ་ཞན་པའི་བསྡུར་ཚད་ནི་བརྒྱ་ཆའི ༡༠ ཡིས་ཉུང་།  གཞན་ཆེད་ལས་གདམ་པའི་ཐད།   ཕོ་རྣམས་རྩིས་ཚན་བཟོ་སྐྲུན་ཚན་པར་དགའ་བོ་ཡོད་པ་དང་།  བུ་མོ་མང་ཤོས་དཔལ་འབྱོར་ཚོང་ལས་དོ་དམ་རིགས་ལ་བདམས་ཀྱི་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག