ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོའི་བྱིས་འཚོལ་ཉེན་བརྡ་གཏོང་ཡུལ་སྟེགས་བུ་གསར་དུ་བཏོན།

2015-05-29
          ཀྲུང་གོའི་གསར་འགྱུར་དྲ་བའི་ངོས་སུ་བྱིས་པ་བོར་ན་ཉེན་བརྡའི་སྟེགས་བུ་ཐོན་འདུག་པ་དང་བྱིས་པའི་ཡིག་ཚགས་ཡར་སྐུར་བ་ན་ཉེན་རྟོག་པར་གྱོད་ཞུ་ཡང་ཞོར་ནས་འགྲུབ་ཡོད་པའི་སྐོར་གྱི་གསར་འགྱུར་བཀོད་འདུག
          གསར་ལམ་དུ། ཕྱི་ཟླ ༥ པའི་ཚེས ༢༥ ཉིན་གྱི་ཕྱིའི་ཆར། ཀྲུང་གོའི་སྤྱི་ཚོགས་བྱ་བཞག་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་བྱིས་པའི་བདེ་སྲུང་ཚན་རྩལ་ཐེབས་རྩ་ཚོགས་པ་པེ་ཅིང་ནས་ཚུགས་དང་ལྷན། ཀྲུང་གོ་ནས་བྱིས་པ་བོར་ན་ཉེན་བརྡ་གཏོང་བའི་སྟེགས་བུ་ཐོག་མ་སྒོར་ཐོན་འདུག་པ་དང་། སྟེགས་བུ་འདི་ནི་རོགས་རེས་ཀྱི་རང་བཞིན་ལྡན་པའི་དགེ་ཕན་སྟེགས་བུ་ཞིག་དང་། ཁྱིམ་བདག་མང་པོས་རིན་མེད་དུAPPཕབ་ལེན་བྱས་ཏེ་བྱིས་པའི་རྨང་གཞིའི་ཡིག་ཚགས་ནང་དུ་བཞག་པ་ན། བྱིས་པའི་གནས་ཚུལ་ཉེན་རྟོག་པར་རང་འགུལ་གྱིས་སྐུར་ནས ༡༡༠ ལ་ཉེན་བརྡ་གཏོང་བ་ཞོར་ནས་འགྲུབ་པ་དང་བྱིས་པ་བཙལ་བའི་ལས་སྔ་མོ་འགོ་བརྩམས་ཆོག་པའི་སྐོར་ནས་བཀོད་འདུག 
          བརྒྱུད་ལམ་དུ་ཀྲུང་སྤྱི་བྱིས་པའི་བདེ་སྲུང་ཚན་རྩལ་ཐེབས་རྩ་ཚོགས་པའི་དྲུང་ཡིག་དང་རྩ་འཛུགས་པའི་གྲས་སུ་གྱུར་བ་ཀྲང་ཡོན་ཅང་ན་རེ། སྟེགས་བུས་སྐུར་མཁན་གྱི་ཁ་པར་གནས་ཡུལ་ལ་གཞིགས་ཏེ་སྐར་བཅུའི་ནང་སྤྱི་ལེ་བཅུའི་ཁྱབས་ཁོངས་སུ་ཡོད་པའིAPPསྤྱོད་མཁན་དང་སྐར་སུམ་ཅུའི་ནང་སྤྱི་ལེ་བརྒྱ་དང་བརྒྱད་ཅུའི་ཁྱབས་ཁོངས་སུ་ཡོད་པའིAPPསྤྱོད་མཁན་ལ་ཉེན་བརྡ་འབྱོར་བ་དང་། བྱིས་པའི་གནས་ཚུལ་ཡང་དོན་དངོས་ལ་གཞིགས་ཏེ་གསར་བསྒྱུར་དང་ཁ་གསབ་བྱ་ཆོག་ལ།གལ་གནད་ཆེ་བའི་ཆ་འཕྲིན་གྱི་གསང་བ་ལག་ཐབས་སྣ་ཚོགས་ཀྱིས་སྲུང་གི་ཡོད་ཅེས་བརྗོད་འདུག 
          གསར་ལམ་དུ་ཀྲང་ཡོན་ཅང་གིས"ང་ཚོས་ཁང་ཕྱིའི་བརྙན་ཡོལ་ཆེ་ཤོས་དང་སྤྱི་ཚོགས་ཀྱི་འབྲེལ་གཏུག་དྲ་ཚིགས། འབྲེལ་གཏུག་གཉེན་ཆས་སོགས་ལས་འདིར་ཞུགས་པར་སྐུལ་མ་བྱ་རྒྱུ་ཡིན"སྐོར་དང་། མིག་སྔར་རྒྱུགས་ཆེ་བའི་འབྲེལ་འདྲིས་མཉེན་ཆས་ཁ་ཤས་དང་སྨྱན་སྦྱོར་བར་མཉམ་འབྲེལ་བྱེད་པའི་འཆར་གཞི་བྱུང་ཡོད། དེ་ལྟར་ལགས་ན། མཉེན་ཆས་དང་སྨྱན་སྦྱོར་འདི་དག་བཀོལ་མཁན་གྱིས་ཉེན་བརྡའི་སྟེགས་བུ་འདི་ཁ་པར་དུ་ཕབ་ལེན་བྱས་མེད་ཀྱང་ཉེན་བརྡ་འབྱོར་སྲིད་པའི་ཕྱོགས་ནས་བརྗོད་འདུག 
རྒྱུས་ལོན་བྱུང་བ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་སོ་སོས་བྱིས་པ་བོར་ན་བཙལ་བའི་ཐབས་སྣ་ཚོགས་འཚོལ་སྒང་རེད་ལ། མིག་སྔར། རྒྱལ་སྤྱིའི་ཐོག་སྨྱན་སྦྱོར་དང་སྤྱི་ཚོགས་འབྲེལ་གཏུག་གི་དྲ་ལམ། ཁ་པར་གྱི་འཕྲིན་ཐུང་སོགས་བརྒྱུད་ནས་བྱིས་པའི་གནས་ཚུལ་སྤྱི་ཚོགས་ཀྱི་གང་ས་གར་ཁྱབ་པར་བྱེད་ནས་བྱིས་པ་རྙེད་པའི་སྲིད་ཕྱོད་ཆེར་གཏོང་པ་ནི་འཚོལ་ཐབས་ཆེས་དགའ་ཤོས་སུ་གྱུར་ཡོད། དཔེར་ན་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར་ཨ་རིའི་དམངས་ཁྲོད་ནས་བྱུང་བའི་ཨན་པོ་ཉེན་བརྡའི་མ་ལག་ལག་ལེན་བྱས་པ་ནས་བཟུང་། བྱིས་པ་རྙེད་པའི་སྲིད་ཕྱོད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་བདུན་དུ་བསླེབས། གཞན་ཡང་ཧྥ་རན་སི་དང་ཁ་ན་ཏ། ཨོ་སི་ཐྲ་ལི་ཡ། མེག་སི་ཁོ། ཧོ་ལན། ཨེར་ལན། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་བྱིས་པ་མྱུར་དུ་འཚོལ་བའི་སྤྱི་ཚོགས་ཀྱི་སྒྲིལ་སྲོལ་བཙུགས་ཡོད། ༢༠༠༠ ལོར། རྒྱ་གར་དམངས་ཁྲོད་ནས་མི་འབུམ་གསུམ་དང་ཁྲི་གཉིས་ཀྱིས་ཞལ་འདེབས་ཕུལ་ཏེ་བྱིས་པ་འཚོལ་བའི་མ་ལག་བཙུགས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག