ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སུན་ཁྲུན་ལན་གྱིས། འཐབ་ཕྱོགས་གཅིག་གྱུར་གྲོས་ཚོགས་ཀྱི་དྲིལ་བསྒྲགས་ཤུཊ་ཆེར་གཏོང་དགོས་ཞེས་ནན་བཤད་བྱས།

2015-05-29 རྡོ་རྗེ།
སུན་ཁྲུན་ལན་ཀྲུང་གོའི་བོད་ལྗོངས་དྲ་བར་རྟོག་ཞིབ་ཏུ་ཕེབས།
   ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ 5 ཚེས 28 ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་ཀྲུང་གོའི་བོད་ལྗོངས་དྲ་བར་རྟོག་ཞིབ་བྱེད་པར་ཕེབས་ཏེ། བུ་དྲ་ཁག་དང་དྲ་ཚིགས་ཀྱི་ལག་རྩལ་ལྟེ་གནས་སོགས་སྡེ་ཁག་ལ་ལྟ་སྐོར་བྱས་པ་དང་འབྲེལ་དྲ་ཚིགས་ཀྱི་འགོ་ཁྲིད་དང་བཞུགས་མོལ་གནང་།
   ཚེས 28 ཉིན་གྱི་སྔ་དྲོའི་ཆུ་ཚོད 9 པར། སུན་ཁྲུན་ལན་དང་བཅས་པ་ཀྲུང་གོའི་བོད་ལྗོངས་དྲ་བར་ཕེབས་ཏེ། ཐོག་མར་དྲ་ཚིགས་ཀྱི་ལག་རྩལ་ལྟེ་གནས་ལྟ་སྐོར་དང་སྨྱན་མང་འགྲེམས་སྟོན་ལ་གཟིགས་པ་རེད། དེའི་རྗེས་སུ། སུན་ཁྲུན་ལན་ཀྲུང་གོའི་བོད་ལྗོངས་དྲ་བའི་རྩོམ་སྒྲིག་ཁང་དུ་ཕེབས་ནས་བརྟག་ཞིབ་གནང་། ཡང་ཁོང་བསྐྱོད་ཞོར་ལྟ་ཞོར་དུ་ངོ་སྤྲོད་བྱས་པར་ཉན་པ་དང་གནས་ཚུལ་འདྲི་རྩད་བྱས། དེ་ནས་རྒྱ་ཡིག་དང་། དབྱིན་ཡིག་དང་། འཇར་མན་ཡི་གེ ཧྥ་རན་སིའི་ཡི་གེ བོད་ཡིག  པར་རིས་དང་བརྙན་ལམ་སོགས་ཀྱི་སྡེ་ཁག་ཏུ་སུན་ཁྲུན་ལན་གྱིས་རྩོམ་སྒྲིག་པ་དང་གསར་འགོད་པའི་གསེང་དུ་ཕེབས་ཏེ། རེ་རེ་བཞིན་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་།
སུན་ཁྲུན་ལན་ཀྲུང་གོའི་བོད་ལྗོངས་དྲ་བར་རྟོག་ཞིབ་ཏུ་ཕེབས།
   སུན་ཁྲུན་ལན་གྱིས་དམིགས་སུ་བཀར་ནས་ནན་བཤད་གནང་དོན། ཡུན་རིང་མ་སོང་གོང་སྐོང་ཚོགས་བྱས་པའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་ནི་གལ་ཧ་ཅང་ཆེ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དེ་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ཡོད་ཅིང་། དུས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ལམ་ཕྱོགས་བསྟན་ཡོད།  《ཀྲུང་གོའི་གུང་ཁྲན་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྐོར་གྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》 དེ་ལའང་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གི་དོན་སྙིང་གཅིག་མཚུངས་ཡོད་དེ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀར་ཆབ་སྲིད་ཀྱི་འགན་ལེན་དང་། རྩ་འཛུགས་ཀྱི་འགན་ལེན། ཁྲིམས་ལུགས་ཀྱི་འགན་སྲུང་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།  ཚོགས་འདུ་དང《སྲོལ་ཡིག》 སྤེལ་བ་དེས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་དགེ་མཚན་ཤིན་ཏུ་ཆེ་བའི་ཆ་རྐྱེན་བསྐྲུན་ཡོད་ལ། དྲ་ཚིགས་ཁག་གིས་སྐད་རིགས་མང་པོ་དང་། སྨྱན་མང་གཟུགས་ཀྱི་ལེགས་ཆ་བེད་སྤྱད་དེ་འཆད་འགྲེལ་གཏིང་ཟབ་བྱ་རྒྱུ་དང་། དྲིལ་བསྒྲགས་ཁྱབ་རྒྱ་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ལ་འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་སྔར་བས་ཤེས་རྟོགས་བྱ་རུ་འཇུག་དགོས་ཞེས་བརྗོད།
   ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་ཞི་ཆིང་དང་། སྲི་ཐར་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག