ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཉེ་བའི་ལོ ༡༡ ནང་ཀྲུང་གོ་ནས་བཟོས་པའི་ཐ་མག་གིས་སའི་གོ་ལར་སྐོར་བ ༥༢༠༠༠ རྒྱག་ཐུབ།

2015-06-01

པེ་ཅིང་གི་བྱ་ཚང་མདུན་དུ་དཔྱངས་པའི་དུད་སྡོམ་མཚོན་རྟགས།

ཕྱི་ཟླ ༥ པའི་ཚེས ༣༡ ནི་འཛམ་གླིང་ཐ་མག་མེད་པའི་ཉིན་མོ་ཡིན་པ་དང་།ཕྱི་ཟླ ༦ པའི་ཚེས ༡ ནས་བཟུང་།"ལོ་རྒྱུས་སུ་ཆེས་བཙན་པའི་དུད་སྡོམ་སྲོལ་ཡིག"《པེ་ཅིང་གྲོང་ཁྱེར་གྱི་དུད་སྡོམ་སྲོལ་ཡིག》དངོས་སུ་ལག་ལེན་བྱ་རྒྱུ་ཡིན་ལ།སྲོལ་ཡིག་འདིར"རྒྱ་ཕིབས་ཞིག་ཡོད་ས་ནས་ཐ་མག་འཐེན་མི་ཆོག"ལ་འགལ་ན་ཆད་པ་ལྕི་མོ་གཅད་རྒྱུ་ཡིན་པར་གོ་བ་ལེན་ཆོག་སྐོར་དང་།འདིའི་སྔོན་དུ་རང་རྒྱལ་གྱིས་ཐ་མག་གི་འཛད་སྤྱོད་ཁྲལ་ཇེ་མཐོར་བཏང་བ་ཡང་ཁྲལ་ལ་བསྟེན་ནས་དུད་རྐྱལ་འཕར་བ་ཚོད་འཛིན་བྱེད་པའི་དམིགས་ཡུལ་འགྲུབ་པར་བྱེད་པ་ཡིན་ཚུལ་གླེང་འདུག

གསར་ལམ་འདིར། ༢༠༠༣ ལོར་ལྗེ་ནི་ཝ(Geneva)ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས ༥༦ པ་འཚོགས་པའི་ཐོག《ཐ་མག་ཚོད་འཛིན་གྱི་སྒྲོམ་གཞིའི་སྤྱི་ཆིངས》གྲོས་མཐུན་བྱུང་ལ།《སྤྱི་ཆིངས་》འདིས་དམིགས་ཡུལ་ནི་ཐ་མག་གིས་བདེ་ཐང་དང་དཔལ་འབྱོར་ལ་གནོད་པའི་རྐྱེན་ངན་ཇེ་དམའ་གཏང་རྒྱུ་ཡིན་ཚུལ་དང་། ༢༠༠༣ ལོའི་ཟླ ༡༡ པའི་ཚེས ༡༠ ཉིན།ཀྲུང་གོས་སྤྱི་ཆིངས་སུ་མིང་རྟགས་བཀོད་ལ་རྒྱལ་ཁབ ༧༧ པར་གྱུར། ༢༠༠༥ ལོའི་ཟླ ༨ པའི་ཚེས ༢༨ ཉིན་ཚོགས་ཆེན་ནས་ཆོག་མཆན་ཐོབ་ཡོད་མོད། ཡིད་སྐྱོ་བ་ཞིག་ལ་ད་ལྟའི་བར་ཀྲུང་གོའི་དུད་སྡོམ་གྱི་གནས་བབ་སྡུག་ཐུག་ཏུ་ལུས་འདུག་པ་དང་ཐ་མག་བཀག་པའི་འབྲས་བུའང་ཡིད་ཚིམ་པ་ཞིག་བྱུང་མེད་པའི་ཚུལ་དང་།

ཀྲུང་གོའི་ནད་རིགས་སྔོན་འགོག་ལྟེ་བའི་ཐ་མག་བཀག་སྡོམ་གཞུང་སྒྲུབ་ཁང་གིས་ཉེ་སྔོན་བསྒྲགས་པའི《དུད་སྡོམ་བདེ་ཐང་སློབ་གསོའི་ལྟེ་གནད་ཆ་འཕྲིན》ཞེས་པར། མིག་སྔར་ཀྲུང་གོ་ནི་འཛམ་གླིང་དུ་ཐ་མག་ཐོན་སྐྱེད་དང་མཛད་སྤྱོད་ཆེས་ཆེ་བའི་རྒྱལ་ཁབ་དུ་གྱུར་ཡོད་པ་དང་། ཀྲུང་གོའི་དུད་རྐྱལ་མི་དུང་ཕྱུར་གསུམ་ལས་བརྒལ་བ་དེས་དར་མའི་མི་གྲངས་ཀྱི་བརྒྱ་ཆའི་ཉེར་བརྒྱད་གྲངས་ཆུང་གཅིག་ཟིན་འདུག་ལ། སྐྱེས་པ་དར་མ་དེའི་ཕྱེད་ལས་བརྒལ་ཡོད་ཚུལ། ལོ་རེར་ཐ་མག་དང་འབྲེལ་བ་ཡོད་པའི་ནད་རིགས་ཀྱིས་མི་ས་ཡ་གཅིག་ལས་མང་པའི་སྲོག་འཕྲོག་པ་དེ་ཆ་སྙོམས་བྱས་ན་ཉིན་རེར་མི་སུམ་སྟོང་འཆི་བ་དང་འདྲ་ཞེས་བཀོད་འདུག

དེ་ལས་གཞན་གསར་ལམ་དུ ༢༠༠༤ ལོ་ནས ༢༠༡༤ བར་གྱི་དུད་སྡོམ་གྱི་ལོ་བཅུ་གཅིག་ནང་དུ། རང་རྒྱལ་གྱི་ལོ་རེའི་ཐ་མག་ཐོན་ཚད་མར་བབས་མེད་པར་མ་ཟད་དེ་ལས་ལྡོག་སྟེ་དུ་རྐང་དུང་ཕྱུར ༧༣༥༣.༩༢ ལྷག་ཇེ་མང་དུ་འཕར་བ་དེས་འཕར་ཚད་བརྒྱ་ཆའི ༣༩ ཟིན། སྔ་ཕྱི་ལོ ༡༡ རིང་བསྡོམས་ཐ་མག་རྐང་དུང་ཕྱུར༢༤༩༩༨༠ ཐོན་སྐྱེད་བྱས། རྐང་རེའི་རིང་ཐུང་རྒྱལ་སྤྱིའི་འགྲོས་ལྟར༨༤mmཡིན་པར་བྱས་ན། དེ་དག་གིས་སའི་གོ་ལར་སྐོར་བ་ལྔ་ཁྲི་ཉིས་སྟོང་རྒྱག་ཐུབ་ཚུལ་དང་།

འདི་ལྟར་རང་རྒྱལ་དུད་སྡོམ་གྲོས་མཐུན་ལག་ལེན་ཡོང་དཀའ་བའི་རྒྱུ་མཚན་ལ། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ནམ་པེ་ཅིང་སློབ་ཆེན་གསོ་རིག་གླིང་གི་ཀྲུའུ་རེན་གྱི་ལག་རོགས་ཝུའུ་མེན་གྱིས་འབྲེལ་ཡོད་སྲིད་གཞུང་ཁག་གིས་དོ་སྣང་མ་བྱས་པ་རྒྱུ་རྐྱེན་དུ་འདོད། ཁོས་གྲོས་མཐུན་རྒྱལ་ཁབ་གཞན་གྱིས་དུད་སྒམ་ཕྱི་ངོས་སུ་གློ་ནག་དང་སོ་རུལ།གདོང་ནད་ཅན་གྱི་པར་རིས་མིག་ཏུ་ཐོགས་ས་ཞིག་ཏུ་ཆེ་ལ་གསལ་བོ་ཞིག་དཔལ་ནས་ཐ་མག་གིས་གནོད་པ་ཆེ་བའི་ཉེན་བརྡ་བཏང་སྟེ། དུད་རྐྱལ་དང་གསར་དུ་འཐེན་མཁན་ལ་ཞེན་ལོག་པའི་ནུས་པ་འདོན་བཞིན་ཡོད་ཀྱང་། ཀྲུང་གོ་ནས་འབྲེལ་ཡོད་སྡེ་ཁག་གིས་དེར་དོ་སྣང་མ་བྱས་པས། དུད་ཤོག་ངོས་སུ་ཐ་མག་འཐེན་ན་གནོད་པ་ཡོད་ཆེས་པའི་ཡི་གེ་འབྲི་ཆུང་ཆུང་ཁ་ཤས་ཀྱིས་འཐུས་པར་བྱས་པའི་ཚུལ་བརྗོད་འདུག་པ་བཀོད་འདུག

བརྒྱུད་ལམ་ཁག་ཏུ། ཀྲུང་གོའི་ཐ་མག་བཀག་སྡོམ་ཚོགས་པའི་ཚོགས་གཙོ་ཧྭང་ཅེ་ཧྥུ་ཡིས་ལས་ཁུངས་གང་མང་གི་དཔོན་པོས་ཐ་མག་འཐེན་བཞིན་ཡོད་པས།རང་ཉིད་ལ་གནོད་པར་མ་ཟད། ལས་ཁུངས་སུ་དུད་མེད་ཀྱིས་ཁོར་ཡུག་ཅིག་བསྐྲུན་པར་སྣེ་ཁྲིད་ཀྱི་ནུས་པ་འདོན་མི་ནུས་པས་གནོད་པའི་རྒྱུ་ལས་ཅི་ཞེས་གསུངས་འདུག

པེ་ཅིང་གི་བྱ་ཚང་མདུན་དུ་དཔྱངས་པའི་དུད་སྡོམ་མཚོན་རྟགས།

ཆེད་མཁས་པའི་ཐབས་ཇུས་སུ་དངུལ་ཆད་ཀྱིས་དུད་སྡོམ་གནད་དོན་སེལ་མི་ནུས་ཞེས་གསུངས།

"དུད་སྡོམ་ཆུ་འགོ་ནས་འཛིན་པ་ལས། དངུལ་ཆད་ཀྱིས་རྩ་བའི་གནད་དོན་སེལ་མི་ནུས"འདི་ནི་དཔལ་འབྱོར་ཆེད་མཁས་པ་སུང་ཆིན་ཧུའེ་ཡིས་གསར་འགོད་པར་བརྗོད་པ་རེད། ཁོ་ན་རེ། ཐ་མག་གཅོད་པ་ནི་གནས་བབ་ཆེན་པོ་ལས་བྱུང་བའི་ཁ་ཕྱོགས་ཤིག་རེད། ཀྲུང་གོའི་ཐ་མག་ལས་རིགས་ཀྱི་དམིགས་བསལ་གནས་བབ་དེའི་དབང་གིས་ངན་བརྗོད་མང་པོ་བྱེད་བཞིན་ཡོད་ན་ཡང་། མིག་སྔར་གྲིས་གཏུབ་གཏུབ་བྱས་མི་རུང་བར།ཐོག་མར་ཐ་མག་གཅད་དགོས་སྐོར་ཀྱི་ཁྱབ་སྒྲོག་ནན་མོ་བྱས་ཏེ། དུད་སྡོམ་གི་ཁོར་ཡུག་ལེགས་པོ་ཞིག་ཆགས་པར་བྱས་རྗེས།འཛད་སྤྱོད་ཀྱི་དགོས་མཁོ་ཚོད་འཛིན་དང་། དེ་ནས་ཐ་མག་བཟོ་གྲྭས་ཐོན་སྐྱེད་དང་ཚོང་གཉེར་ལ་ཚོད་འཛིན་ནན་མོ་བྱས་ན་དགའ་བར་འདོད། ཐད་ཀར་ཐ་མག་ཐོན་སྐྱེད་ཉུང་འཕྲི་དང་ཚོད་འཛིན་བྱས་ན།དེས་ཞོར་གཏོགས་ལས་རིགས་མང་པོ་འཕེལ་རྒྱས་བཏང་ཡོད་པསGDPའཕེལ་བར་གནོད་པར་འདོད་འདུག

རྒྱལ་ཁབ་འཕྲོད་སྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་སུང་ཧྲུའུ་ལི་ཡིས་ཚེས ༡༣ ཉིན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཐ་མག་གིས་ཁྲལ་ཚད་དང་རིན་གོང་མཐོ་རུ་བཏང་ན་འཛད་སྤྱོད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པས་དེ་ནི་ཕྱོགས་རེ་བའི་དུད་སྡོམ་བྱེད་ཐབས་ཤིག་ཡིན་ན་ཡང་། ལོ་ཆུང་བྱིས་པས་ཐ་མག་འཐེན་པར་བཀག་སྡོམ་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ་པར་བཤད།

དེ་དང་མཉམ་དུ། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུ་ལྷན་ཁང་གི་ཁྲིམས་འཛུགས་བློ་འདྲི་ཡུལ་དང་ལན་ཀྲུའུ་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་སློབ་དཔོན་གཞོན་པ་ཁྲི་ཧྥེང་ཞུ་ཡིས་སྨྱན་ལམ་དུ། རྗེས་ཕྱོགས་དུད་སྡོམ་བྱ་བའི་གཙོ་གནད་ནི་སྡེ་ཁག་སོ་སོས་ཁྲིམས་ལག་ལེན་བྱེད་དུས་ཁྱོད་མིན་ང་མིན་གྱིས་གཡུགས་ནས་མི་འཇོག་པར་ཡུལ་དངོས་བསྐྱོད་པ་དང་གསང་ཉུལ་མང་ཙམ་བྱས་ཏེ་ཡུན་རིང་ཕན་པའི་སྒྲིག་སྲོལ་ཆགས་པར་བྱས་ནས། ཐ་མག་སྡོམ་ཁུལ་དང་སྡོམ་ཁུལ་གྱི་དུད་འཐེན་དང་དོ་དམ་མི་འཇོན་པར་ཆད་གཅོད་ནན་མོ་བྱ་འོས་ཞེས་བརྗོད་འདུག

དུད་སྡོམ་ལག་བརྡ།

ཧྲིན་ཀྲེན་གྲོང་ཁྱེར་དུད་སྡོམ་ཚོགས་པའི་རྒྱུན་ལས་གཞོན་པ་ཀོ་ཝུན་ཧུའེ་ཡིས་གསར་ལམ་དུ"དུད་སྡོམ་སྲོལ་ཡིག་ལག་ལེན་བྱས་ཏེ་ལོ་གཅིག་གི་རིང་མི་ཁྲི་ལས་བརྒལ་བར་ཆད་པ་བཅད། ད་ལྟ་སྤྱིའི་གནས་བབ་ལེགས་སུ་འགྲོ་བཞིན་ཡོད་ཀྱང་། དོ་དམ་ལ་སྔར་ལས་འབད་འབུངས་བྱ་དགོས"ཞེས་གསུངས་འདུག རྒྱུས་ལོན་བྱུང་བ་ལྟར་ན།ཧྲིན་ཀྲེན་ནས་དུད་སྡོམ་སྲོལ་ཡིག་ལག་ལེན་བྱས་པ་ནས་བཟུང་མི་ཁྲི་ལས་བརྒལ་བར་ཆད་གཅོད་བྱས་འདུག་ལ། གནས་གསུམ་གྱི་དུད་སྡོམ་ཕྱོགས་ཀྱི་བྱ་བ་ཧུར་བོ་བྱས་མི་འདུག་པས་སྒོར ༢༠༠༠ ཡིས་ཆད་པ་བླངས་འདུག

འབྲེལ་ཡོད་རྩོམ་ཡིག