ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱ་གར་གྱི་སྤོས་འགྱིག་ཚོང་དཔོན་ཆེན་མོས་སྒོར་དུང་ཕྱུར ༣༧ ཕུལ་ཏེ་རབ་ཏུ་བྱུང་།

2015-06-04

རྒྱ་གར་གྱི་སྤོས་འགྱིག་ཚོང་དཔོན་ཆེན་མོ་ཌོ་ཞི་རབ་ཏུ་བྱུང་།

དཔྱད་གཞི་གསར་འགྱུར་དྲ་བས་ཟླ ༦ པའི་ཚེས ༣ ཉིན་སྤེལ་བའི་གནས་ཚུལ་ནང་། དེ་སྔོན་ཧྥོར་པི་སི་དུས་དེབ་ཀྱི་ཕྱུག་ཆེན་རིམ་ཐོའི་ནང་སྐད་གྲགས་ཆེ་བའི་རྒྱ་གར་གྱི་འགྱིག་ལས་ཚོང་དཔོན་ཆེན་མོ་ཌོ་ཞི་(Bhanwarlal Doshi)ཡིས་ཉེ་ལམ་ཨ་སྒོར་དུང་ཕྱུར་དྲུག་(དམངས་སྒོར་དུང་ཕྱུར་༣༧ཡིན།)གི་རྒྱུ་ནོར་གཞན་ཕན་དགེ་སྒྲུབ་ལས་ཁུངས་ལ་ཞལ་འདེབས་སུ་ཕུལ་རྗེས། རང་གིས་རབ་བྱུང་སྒྲུབ་རྒྱུ་ཡིན་པ་བསྒྲགས་འདུག་པ་བརྗོད་ཡོད།

ཟླ ༦ པའི་ཚེས ༣ ཉིན་སྤེལ་བའི་ཀྲུང་གོའི་དུས་བབ་གློག་རྡུལ་ཚགས་པར་གྱི་གསར་འགྱུར་ནང་། ཟླ ༥ པའི་ཚེས ༣༡ ཉིན་ཚོང་དཔོན་ཌོ་ཞིས་མི་མང་གི་མདུན་ནས་རབ་ཏུ་བྱུང་ཡོད་ལ། ད་ནས་བཟུང་རྒྱུ་ནོར་དང་སྙན་གྲགས་ཐམས་ཅད་རྒྱབ་དུ་བོར་ཏེ་དབུལ་བོ་དབུལ་རྐྱང་གི་རྣལ་འབྱོར་བའི་འཚོ་བ་རོལ་རྒྱུ་ཡིན་པའི་ཚུལ་བརྗོད་ཡོད།ཉེ་ལམ་ཁོའི་ཟློས་གར་གྱི་ཉམས་ཀྱིས་ཕྱུག་པའི་མི་ཚེའི་འགྱུར་བ་དེ་རྒྱ་གར་མི་དམངས་ཀྱི་གླེང་བྱ་གཙོ་བོར་གྱུར་ཡོད།

མི་མང་པོས་རྒྱུ་ནོར་ལ་སྙེག་རྒྱུ་ནི་མི་ཚེ་གཅིག་རིང་གི་ཕུགས་འདུན་བྱས་ཡོད་ཀྱང་། ཌོ་ཞི་ལ་མཚོན་ན་ཆོས་ལུགས་དད་མོས་ནི་རྒྱུ་ནོར་ལས་འགོངས་ཡོད་འདུགཌོ་ཞི་ནི་དེ་སྔོན་ཧྥོར་པི་སིས་བདམས་པའི་རྒྱ་གར་གྱི་ཕྱུག་ཆེན་བརྒྱ་ཡི་ནང་གསེས་ཤིག་ཡིན་ལ།ཁོའི་ཨ་ཕ་ནི་འཁེལ་འཐག་ལས་རིགས་ཀྱི་ཚོང་པ་ཞིག་དང་།ལམ་འགྲམ་ནས་རྡོ་ལའི་ཚོང་བརྒྱབ་པ་ནས་བརྩམས་ཏེ་མཐའ་མརDR Internationalཞེས་པའི་རྒྱ་གར་གྱི་སྤོས་འགྱིག་བཟོ་གྲྭ་ཆེ་ཤོས་དེ་བཙུགས་ཡོད།

ཚོང་དཔོན་ཌོ་ཞིའི་བུ་རོའོ་ཞི་ཐི་ཡིས་བཤད་པ་ལྟར་ན། ཁོའི་ཨ་ཕས་ལོ་གསུམ་སྔོན་ནས་བཟུང་རབ་བྱུང་སྒྲུབ་འདོད་སྐྱེས་ཡོད་ཀྱང་། ཁྱིམ་མིས་བཀག་འགོག་བྱས་ནས་སྒྲུབ་མ་ཐུབ།འོན་ཀྱང་ད་ལྟ་ཁྱིམ་མི་དག་གིས་ཀྱང་དང་ལེན་བྱས་ཏེ། ཁོས་རབ་བྱུང་སྒྲུབ་པའི་གདམ་ཀ་ལ་དགའ་མགུ་བྱེད་ཀྱི་ཡོད་ཟེར།

རྒྱུས་ལོན་པ་ལྟར་ན། རྒྱ་གར་གྱི་ཁེ་ལས་པ་མང་པོ་དང་འདྲ་བར་ཌོ་ཞི་ཡང་གཅེར་བུ་བའི་རྗེས་འཇུག་པ་ཡིན་འདུགགཅེར་བུ་བ་ནི་རྒྱ་གར་གྱི་གནའ་བོའི་ཆོས་ལུགས་ཤིག་ཡིན་ཞིང་། དད་མོས་བྱེད་མཁན་གྱི་མི་གྲངས་ཁྲི ༤༥༠༠ ཙམ་ཡོད། རྒྱུ་ལོངས་སྤྱོད་ནི་བློ་སྦྱོང་ལེགས་པོ་ཡོང་བར་གནོད་པས། རབ་བྱུང་བས་ཡོད་ཚད་གཏོང་དགོས་པ་ནི་གྲུབ་མཐའ་དེའི་ལྟ་བ་གཙོ་བོ་གཅིག་ཡིན་ནོ། །

འབྲེལ་ཡོད་རྩོམ་ཡིག