ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བ་དང་ལེ་དབར་ཁྲི་ལ་བསྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

2015-06-04
          ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་བརྡ་ཐོ་བཏང་སྟེ། ད་ལོའི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བ་དང་བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་ལ་བསྐྱོད་ཅེས་པའི་བྱེད་སྒོ་ལ་བཀོད་སྒྲིག་བྱས་པ་རེད།
          ད་ལོའི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་ཡིས་བདེ་འཇགས་ཁྲིམས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཐོན་སྐྱེད་ལ་འགན་སྲུང་བྱེད་ཅེས་པ་བརྗོད་དོན་གཙོ་བོ་ཡིན་པ་དང་། སྤྱི་ཟླ་དྲུག་པའི་ནང་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་དག་དང་འབྲེལ་ཡོད་ཀྱི་ཀྲུང་དབྱང་ཁེ་ལས་ནང་དུས་མཚུངས་སུ་ཆེད་དོན་བྱེད་སྒོ་ལྔ་སྤེལ་རྒྱུ་རེད།
          སྤྱི་ལོ་༢༠༡༥ལོའི་བདེ་འཇགས་ཐོན་སྐྱེད་ལེ་དབང་ཁྲི་ལ་བསྐྱོད་ཅེས་པའི་བྱེད་སྒོ་ཡིས་གཙོ་བོ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་གཙོ་བོར་དམིགས་ཤིང་། རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་མངོན་ལྐོག་གཉིས་ནས་ཞིབ་བཤེར་བྱེད་པའི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཟླ་དྲུག་པ་ནས་སྤྱི་ཟླ་བཅུ་གཉིས་པའི་ནང་རྒྱལ་ཡོངས་རང་བཞིན་གྱི་བྱེད་སྒོ་བསྟུད་མར་ཐེངས་ལྔ་སྒྲིག་འཛུགས་བྱ་རྒྱུ་དང་། དེ་དག་ནི་དྲུག་རྡུང་དྲུག་བཅོས་ཆེད་དོན་བྱ་སྤྱོད་དང་བདེ་འཇགས་འགན་འཁྲི་ཆེད་དོན་བྱ་སྤྱོད། བདེ་འཇགས་བྱང་ཚད་ཆེད་དོན་བྱ་སྤྱོད། བདེ་འཇགས་ཉེན་ཁ་ཐར་འདོན་བྱ་སྤྱོད། ཉེན་སེལ་མྱུར་སྐྱོར་ཆེད་དོན་བྱ་སྤྱོད་བཅས་ཡིན་པ་རེད།
འབྲེལ་ཡོད་རྩོམ་ཡིག