ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མི་དམངས་ཁྲིམས་ཁང་དང་མི་རིགས་དོན་གཅོད་ཨུ་ལྷན་གྱིས་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་གི་འཆར་གཞི་བཏོན།

2015-06-05
ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གཉིས་ཀྱིས་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་གི་འཆར་གཞི་ཆེན་མོ་ཞིག་བཏོན། 
          ཟླ ༥ བའི་ཚེས ༢༨ ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གཉིས་ཀྱིས་མཉམ་འབྲེལ་ཐོག་ཤིན་ཅང་ཝུ་རོ་མུ་ཆི་གྲོང་ཁྱེར་ནས་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་དང་།  ཆབ་སྲིད་པུའུ་ཀྲུའུ་རེན་ཞུས་ཅ་ཤིན།  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་དོན་འགྲུབ་དབང་འབུམ་བཅས་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་གནང་།  གྲོས་ཚོགས་ཐོག  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གཉིས་གྱིས《མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་དང་ཟབ་སྦྱོང་ལས་དོན་ལེགས་སྒྲུབ་ལ་ཤུགས་སྣོན་པའི་འབྲེལ་ཡོད་བསམ་འཆར》གྱི་བླང་བྱ་གཞིར་བཟུང་སྟེ།  སྐད་གཉིས་ཁྲིམས་དཔོན་མི་སྟོང་གི་འཆར་གཞི་སྟེ ༢༠༢༠ ལོར་སླེབས་དུས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་།  ལས་སྒོའི་སྤུས་ཚད་མཐོ་བ།  གྲངས་ཚད་ཀྱིས་འདང་བ།  མི་རིགས་ས་ཁུལ་གྱི་སྐད་གཉིས་འདྲི་གཅོད་ཀྱི་དཔུང་སྡེའི་དགོས་མཁོ་གཞི་རྩའི་ཐོག་བསྐོང་ཐུབ་པའི་སྐད་གཉིས་ཁྲིམས་དཔོན ༡༥༠༠ སྐྱེད་སྲིད་བྱ་རྒྱུ་ནན་གྱིས་བསྟན་བྱུང་།  
          ཉེ་བའི་ལོ་ཤས་རིང་ལ།  ཆེས་མཐོ་མི་དམངས་ཁྲིམས་ཁང་དང་འབྲེལ་ཡོད་མི་རིགས་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་བཅས་ཀྱིས་མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་དཔོན་མི་འདང་བའི་གནད་དོན་ཐག་གཅོད་དང་།  མི་རིགས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་དབང་དང་གཏུག་བཤེར་ཁེ་དབང་ལ་འགན་སྲུང་བྱ་ཆེད།  སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་ལ་མཐོང་ཆེན་ཚད་མེད་མཛད་དེ།  སྐད་གཉིས་འཇོན་མི་བསྡུ་ཐབས་རྒྱ་བསྐྱེད་ཀྱིས་ཟབ་སྦྱོང་རིམ་པ་མང་པོ་སྤེལ་བ་དང་།  སྐད་གཉིས་ཁྲིམས་ལུགས་ཟབ་སྦྱོང་ཐད་ཀྱི་སློབ་དེབ་དང་ཚིག་མཛོད་རྩོམ་སྒྲིག་ལ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་པས།  གྲུབ་འབྲས་རགས་ཙམ་ལོན་ཡོད།  ལྷག་པར་དུ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་གི་དགེ་རྒན་འོས་སྦྱོར་ཧུར་ཐག་བྱས་པ་བརྒྱུད།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་མཉམ་དུ་ཟབ་སྦྱོང་དཔེ་སྟོན་འཛིན་གྲྭ་སོགས་གཉེར་ནས་སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་བྱ་བར་རྒྱབ་སྐྱོར་གང་ལེགས་བྱས་ཡོད། 
          ད་ལོའི་ཟླ ༤ བར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གཉིས་ཀྱིས་མཉམ་དུ《མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་དང་ཟབ་སྦྱོང་ལས་དོན་ལེགས་སྒྲུབ་ལ་ཤུགས་སྣོན་པའི་འབྲེལ་ཡོད་བསམ་འཆར》པར་འགྲེམས་བྱས་ཤིང་།  དེ་ལ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་དོན་འཁྱོལ་དང་།  ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་གལ་ཆེན་ལག་ལེན་དོན་འཁྱོལ་ཡོང་བ།  སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་ལས་དོན་ལ་ཤུགས་རྒྱག་པའི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཆེན་པོ་ལྡན། 
          གྲོས་ཚོགས་སུ་ཞུས་ཅ་ཤིན་གྱིས་གསུང་བཤད་གནང་སྐབས།  《བསམ་འཆར》ནང་བཏོན་པའི་༢༠༢༠ ལོར་སླེབས་སྐབས་སྐད་གཉིས་ཁྲིམས་དཔོན ༡༥༠༠ སྐྱེད་སྲིང་དང་།  མི་སྟོང་གི་འཆར་གཞི་དེ་ནི་དེང་གི་སྐད་གཉིས་ཁྲིམས་དཔོན་དཔུང་སྡེ་ཡི་དོན་དངོས་ལ་གཞི་ཚུགས་པའི་བདམས་ཀ་ཡིན་ལ།  ཀུན་ལ་སྐུལ་མ་ཐེབས་སུ་འཇུག་པའི་དམིགས་འབེན་ཡང་ཡིན། མི་རིགས་ས་ཁུལ་གྱི་ཁྲིམས་ཁང་རིམ་པ་ཁག་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད།  རྩ་ཁྲིམས་ཀྱིས་བསྩལ་བའི་མི་རིགས་གྲངས་ཉུང་གི་རྩ་བའི་ཁེ་དབང་དང་གཏུག་བཤེར་ཁེ་དབང་གི་མཐོ་ཚད་ལ་འགན་སྲུང་བཅས་བྱས་ཏེ།  ལས་དོན་འདིའི་གལ་ཆེ་དོན་སྙིང་ལ་ངེས་ཟིན་ཟབ་མོ་བསྐྱེད་དགོས་པ་དང་།  འཆར་གཞི་དེ་འགྲུབ་ཆེད་འོས་འགན་གྱི་དམིགས་འབེན་དང་ཚད་གཞི་སྔར་བས་གསལ་ལ།  ལས་འགན་ཁག་བགོས་དང་འགན་འཁྲི་དོན་འཁྱོལ་བཅས་ལ་དམ་འཛིན་བྱས་ནས་མི་སྟོང་གི་འཆར་ཇུས་དེ་དུས་བཅད་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བ་བྱ་དགོས་ཞེས་བསྟན། 
          ཁོང་གིས་མུ་མཐུད་དུ།  སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་ལེགས་སྒྲུབ་ལ་ཤུགས་སྣོན་དང་།  ངེས་དོན་གྱི་འཕེལ་རྒྱས་བགྲོད་ལམ་ལ་ཕྱི་བཤོལ་མེད་པར་བསྐྱོད་དེ་ད་ཡོད་ཀྱི་སྐད་གཉིས་འཇོན་མི་གསོ་སྐྱོང་ལ་ཤུགས་ཆེན་པོ་རྒྱག་དགོས།  དེ་ཡང་ཐོག་མར་བསམ་བློའི་ཆབ་སྲིད་སློབ་གསོ་གཙིགས་སུ་བཟུང་སྟེ།  ཡིད་ཆེས་བརྟན་ཞིང་།  ཆབ་སྲིད་ཀྱི་ལངས་ཕྱོགས་གཡོ་བ་མེད་པ་དེ་སྐད་གཉིས་ཁྲིམས་དཔོན་དཔུང་སྡེ་འཛུགས་སྐྲུན་གྱི་ཚད་གཞི་དང་པོར་འཛིན་དགོས་པ་དང་།  ཟབ་སྦྱོང་གི་རིམ་པ་མང་པོ་འཐུས་ཤོར་མི་ཡོང་བ་བྱས་ཏེ།  སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་གི་ཆོས་ཉིད་དང་ཁྱད་ཆོས་གཞིར་བཟུང་སྐད་ཡིག་དང་རྩད་གཅོད་ལས་སྒོའི་བྱང་ཚད་མཐོར་འདེགས་སུ་གཏོང་བ་དང་།  ཟབ་སྦྱོང་གི་ནང་དོན་འཐུས་ཚང་ལ་བྱེད་ཐབས་ལེགས་པོ་སྤྱད་དེ་མཐར་ཐུག་གི་དམིགས་འབེན་དང་ཕན་འབྲས་ཇེ་མཐོར་གཏོང་དགོས།  དགེ་རྒན་དང་།  སློབ་དེབ།  རྟེན་གཞི་སོགས་རྨང་གཞི་འཛུགས་སྐྲུན་དམ་འཛིན་བྱས་ཏེ།  སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་ལེགས་པོ་སྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པ།  གཞན་སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་བྱེད་བདེ་ལ་ལས་མི་བསྡུ་བའི་ཁ་ཕྱོགས་གཏན་འཁེལ་བྱས་ནས་མཁས་པ་དང་དགེ་རྒན།  ཁྲིམས་རོགས་པ། དེ་བཞིན་བཅའ་ཁྲིམས་གཞན་དག་གི་ལས་ཀ་མཁན་ལས་འཇོན་མི་ནང་འདྲེན་བྱས་ཏེ།  སྐད་གཉིས་ཁྲིམས་དཔོན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་འཇོན་མིའི་རྨང་གཞི་ལེགས་པོ་འདིང་དགོས།  སྐད་གཉིས་ཁྲིམས་དཔོན་སྦྱོང་བརྡར་དང་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་ཏེ་ཡར་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྐད་གཉིས་ཁྲིམས་དཔོན་པའི་གཟི་བརྗིད་ཀྱི་རྣམ་པ་བཟང་པོ་ཆགས་དགོས།  ཁྲིམས་དཔོན་མི་གྲངས་བཅོས་བསྒྱུར་ལ་ཚོད་ལྟ་བྱེད་པའི་མི་རིགས་ས་ཁུལ་གྱི་ཁྲིམས་ཁང་གིས་ཐོག་མར་སྐད་གཉིས་ཁྲིམས་དཔོན་དེ་མི་གྲངས་ཁྱབ་ཁོངས་སུ་ཚུད་པར་བྱ་དགོས།  སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་བསྣན་ཏེ་མི་རིགས་དོན་གཅོད་ཨུ་ལྷན་བར་གྱི་འབྲེལ་འདྲིས་དང་མཐུན་སྦྱོར་ཀྱི་འབྲེལ་བ་དམ་པོར་བཟུང་ནས་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་གི་ལས་དོན་དེ་རིམ་པ་མཐོ་ཤོས་སུ་འཕེལ་རྒྱས་གཏོང་དགོས་ཞེས་བསྟན་ནོ། ། 
          དོན་འགྲུབ་དབང་འབུམ་གྱིས་གསུང་བཤད་གནང་སྐབས།  སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་དང་ཟབ་སྦྱོང་ལེགས་པར་སྒྲུབ་པ་ནི་ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་།  མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཞིག་དང་།  མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་རེ་འདུན་ཞིག་རེད།  དེར་བརྟེན་རིམ་པ་ཁག་གི་མི་དམངས་དོན་གཅོད་ཨུ་ལྷན་ཁོངས་གཏོགས་ཀྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བགྱིས་ཏེ།  སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་ལས་དོན་ལ་ནུས་ཤུགས་ཅི་ཡོད་ཀྱིས་རྒྱབ་སྐྱོབ་བྱས་ནས་སྔར་ལས་ལྷག་པའི་ལེགས་སྐྱེས་འབུལ་དགོས་པ་དང་།  དེ་བཞིན་དུ་དགེ་རྒན་དང་།  སློབ་དེབ།  རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་ཀྱང་ཁྲིམས་ཁང་ཁོངས་གཏོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ།  སྤུས་ལེགས་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིག་དང་བེད་སྤྱོད་ཡག་པོ་གཏོང་ཐུབ་པ་བྱ་དགོས།  སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཏེ།  འབྲེལ་འདྲིས་མཐུན་སྦྱོར་དང་།  ལྟ་ཞིབ་མཛུབ་སྟོན།  ཕྱོགས་སྡོམ་དཔྱད་བསྡུར་སོགས་ནས་ཡུན་རིང་གི་ལམ་ལུགས་ཆ་ཚང་བཙུགས་ཏེ། 《བསམ་འཆར》གྱིས་གཏན་འབེབས་བྱས་པའི་ལས་ཀའི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། 
          ཤིན་ཅང་ཡི་གུར་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་རྒྱུན་ཨུ།  སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཞུང་ཞུན་ཀའོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཡན་ཧྥེན་ཤིན་དང་།  ཁྲིམས་ཁང་གི་འགོ་གཙོའི་ལས་ཚབ་པ་མུ་ཐེ་ལི་ཕུ•ཝུ་པུ་ལི་གཉིས་གྲོས་ཚོགས་སུ་ཞུགས།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་།  མི་རིགས་ས་ཁུལ་གྱི་མཐོ་རིམ་ཁྲིམས་ཁང་དང་མི་རིགས་དོན་གཅོད་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས་པ་མ་ཟད།  བཞུགས་མོལ་བགྲོ་གླེང་མཛད།
འབྲེལ་ཡོད་རྩོམ་ཡིག