ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལྷོ་ཁོ་རེ་ཡ་ནསMERSནད་ཡམས་ཀྱིས་སློབ་གྲྭ ༧༠༠ ཉེ་བ་སློབ་མཚམས་བཞག་འདུག

2015-06-05
          ཀྲུང་གསར་དྲ་བའི་ཕྱི་ཟླ ༦ པའི་ཚེས ༤ ཉིན་གྱི་གློག་འཕྲིན་དུ་ལྷོ་ཁོ་རེ་ཡ་སྨྱན་སྦྱོར་གྱིས་བཀོད་པ་ལྟར་ན།  ལྷོ་ཁོ་རེ་ཡ་ནས་དབུས་ཤར་དབུག་འབྱིན་དཀའ་བའི་ནད་དུག(MERS)ཚབས་ཆེ་རུ་འགྲོ་བཞིན་འདུག་པས།  གཅིག་རྗེས་གཉིས་མཐུད་དུ་སློབ་མཚམས་བཞག་པའི་སློབ་གྲྭ ༧༠༠ ཉེ་བ་ཟིན་ཡོད་པའི་གསར་འགྱུར་ཐོན་འདུག
          གསར་ལམ་འདིར།  ཚེས ༤ ཉིན་ལྷོ་ཁོ་རེ་ཡའི་སློབ་གསོ་ཅུ་ནས་བསྒྲགས་པ་ལྟར་ན།  ཅིང་ཅི་ཏའོ་ནས་སློབ་གྲྭ ༥༨༠ ཉེ་བ་དང་ཀྲུང་པེ་ནས་སློབ་གྲྭ ༤༠ ལྷག་འདུས་པའི་རྒྱལ་ཡོངས་ས་གནས་སོ་སོའི་སློབ་ཆུང་དང་བྱིས་སློབ་ཁང ༦༩༠ ཡིས་སློབ་མཚམས་འཇོག་པའི་གཏན་ཁེལ་བྱས་འདུག་ལ།  རྒྱལ་ས་ཧྲོའུ་ཨར་ནས་སློབ་ཆུང་བདུན་གྱིས་སློབ་མཚམས་བཞག་ཡོད་སྐོར་དང་།
          གཞན་ཡང་སློབ་གསོ་ཅུ་ནས་སློབ་གྲྭ་སོ་སོའི་ཚོགས་པབགོས་ནས་བྱ་འགུལ་སྤེལ་བ་ཉུང་ཅི་ཐུབ་བྱ་དགོས་པའི་མཛུབ་སྟོན་ལྟར་སློབ་གྲྭ ༡༠༠ ལྷག་གིས་ཟླ་འདིར་སྤེལ་དགོས་པའི་ལག་ལེན་སློབ་སྦྱོང་དང་ལུས་རྩལ་འགྲན་འཚོགས་སོགས་བྱ་འགུལ་མེད་པར་བཏང་བའམ་ཕྱིར་ནུར་བྱས་འདུག་ཚུལ་ཡང་བཀོད་འདུག
          དེ་ལས་གཞན་ལྷོ་ཁོ་རེའི་ལྟ་སྐོར་ཀུང་ཧྲི་ཡི་སྡོམ་རྩིས་ལྟར་ན།  དབུས་ཤར་དབུག་འབྱིན་དཀའ་བའི་ནད་དུག་ཀྱི་ཤུགས་རྐྱེན་ལས།  ལྷོ་ཁོ་རེ་ཡར་ལྗོངས་རྒྱུར་ཕྱིར་འཐེན་བྱས་པའི་ཕྱི་རྒྱལ་མགྲོན་པོའི་གྲངས ༧༠༠༠ ཟིན་ཡོད་པའི་གནས་ཚུལ་བཀོད་འདུག་སྟེ།  ཚེས ༤ ཉིན་ལྷོ་ཁོ་རེ་ཡའི་ལྟ་སྐོར་ཀུང་ཧྲིས་ཕྱི་རྒྱལ་གྱི་ཡན་ལག་ཀུང་སི ༣༡ ལ་བརྟག་དཔྱད་དབྱེ་ཞིབ་བྱས་པའི་མཇུག་འབྲས་ཤིག་ཏུ།  ཚེས ༤ ཉིན་ཀྲུང་གོའི་སྐམ་ས་དང་ཐེ་ཝན་གྱི་མགྲོན་པོ ༤༤༠༠ ལྷོ་ཁོ་རེ་ཡར་བསྐྱོད་པའི་འཆར་གཞི་ཕྱིར་འཐེན་བྱས་པ་དང་།  ཉི་ཧོང་དང་ཨེ་ཤར་ལྷོ་ས་ཁུལ་གྱི་མགྲོན་པོ ༡༠༠ ལྷག་གིས་ལྷོ་ཁོ་རེ་ཡར་ལྗོངས་རྒྱུ་འགྲོ་བ་ཕྱིར་འཐེན་བྱས་ཡོད་འདུག
          གཞན་ཡང་གསར་ལམ་དུ།  ད་ལོའི་ཕྱི་ཟླ ༥ པའི་ཚེས ༢༠ ཉིན་ལྷོ་ཁོ་རེ་ཡ་ནསMERSཡི་ནད་པ་ཐོག་མ་བུད་པ་ནས་བཟུང་ད་ལྟའི་བར་ནད་ཀྱི་བྱུང་དཔེ ༣༥ ཐོན་ཡོད་ལ།  དེའི་ཁྲོད་དུ་རིམ་པ་གཉིས་པའི་མི་ནས་མུ་འགོས་པའི་ནད་དཔེ་ཡང་འདུས་ཡོད་སྐོར་དང་།  ཕྱི་ཟླ ༦ པའི་ཚེས ༣ ཉིན་རིམས་ནད་བྱུང་ཚུལ་ཚབས་ཆེ་བས་ཉིན་དེར་ཟུར་བཀར་མི་གྲངས ༡༣༠༠ རུ་བུད་ཡོད་སྐོར་བརྗོད་འདུག
          “MERS”ཟེར་བ་ནི་ཅི་ཞིག་ཡིན་ནམ་ཞེ་ན།
          MERSཟེར་བའི་ནད་དུག་ནི་རྣམ་པ་གསར་བའི་ཏོག་དབྱིབས་ནད་དུག་ཅིག་ཡིན་ལ།  འདིའི་མིང་ལ MERS(དབུས་ཤར་དབུག་འབྱིན་དཀའབའི་ནད་ཏོག་དབྱིབས་ནད་དུག)ཞེས་གཏན་ཁེལ་བྱས་ཡོད།
          ༢༠༣ ལོའི་ཟླ ༥ པའི་ཚེས ༢༣ ཉིན།  འཛམ་གླིང་འཕྲོད་སྟེན་རྩ་འཛུགས་ནས་འགོས་ནད་གཉན་ཚད་འདི་ལ་དབུས་ཤར་དབུག་འབྱིན་དཀའ་བའི་ནད་ཏོག་དབྱིབས་ནད་དུག་ཅེས་བཏགས།  འདིའི་ཡར་སྔོན་དུ“SARSདང་འདྲ་བའི་ནད་དུག”ཅེས་འབོད་བཞིན་ཡོད།
          ༢༠༡༢ ལོའི་ཟླ ༩ པའི་ནང་ས་དི་ཨ་རབ་ནསMERSཏོག་དབྱིབས་ནད་དུག་ཐོག་མ་བུད་ལ།ནད་པ་མང་ཤོས་ལ་དབུག་འབྱིན་མ་ལག་ནད་འགོས་པ་དང་མཁལ་མའི་ནུས་པ་གློ་བུར་ཉམས་པའི་ནད་རྟགས་འདུག
          ད་ལོའི་ཟླ ༥ པའི་ཚེས ༡༦ བར་དུ།  འཛམ་གླིང་ཧྲིལ་བོའི་རྒྱལ་ཁབ་ཉི་ཤུ་ལྷག་ནས་དབུས་ཤར་དབུག་འབྱིན་དཀའ་བའི་ནད་ཀྱི་བྱུང་དཔེ ༡༡༤༢ བུད་པའི་ཁྲོད་རྐྱེན་ལམ་དུ་ཤོར་བ ༤༦༥ ཡོད་པ་དང་།  འཆི་ཚད ༤༠.༧%རེད།  མིག་སྔར་ནད་དུག་འདིར་དམིགས་པའི་སྨན་དང་འགོག་ཁབ་ཡོད་མ་རེད།
          SARSའགོས་བཅོས་ཀྱི་ཉམས་མྱོངMERSསྤྱད་ཆོག
          པེ་ཅིང་ཏིས་ཐན་སྨན་ཁང་གཉན་ཚད་ཁག་གི་ཀྲུའུ་རེན་གཞོན་པ་ཝང་ལིན་ཧྭང་ནས་གསལ་བཤད་དུ།  MERSཡི་ནད་དུག་མང་ཤོས་སྲོག་ཆགས་སུ་འགོས་ཡོད་ལ།  མིས་སྲོག་ཆགས་ལ་ཐུག་རྗེས་འགོས་ཏེ་དབུག་འབྱིན་དཀའ་བའི་ནད་འདི་བྱུང་བ་རེད།  ཕྱིར་མངོན་པའི་རྣམ་པSRASདང་འདྲ།  མིག་སྔར་གྱི་ནད་ཀྱི་བྱུང་དཔེ་མང་ཤོས་དབུས་ཤར་ནས་བྱུང་བ་ཡིན་ལ།  དབྱིན་ཇི་ནས་ཁྱིམ་ཚང་དུ་འགོས་པའི་སྣང་ཚུལ་ཡང་འདུག  ད་ལྟའི་གནས་བབ་ལ་གཟིགས་ན་ནད་དུག་འདི་དབུགས་ལམ་བརྒྱུད་མི་ནས་མིར་འགོ་བཞིན་འདུག་ཅེས་གསུངས་འདུག
          གསར་འགྱུར་གྱི་མཇུག་ཏུ།  SARSའགོག་བཅོས་བྱེད་པའི་ཉམས་མྱོང་ཡང་དབུགས་ལམ་གཉན་ཚད་ཀྱི་ནད་འདིར་སྤྱད་ཆོག་ཅེས་བཀོད་འདུག
འབྲེལ་ཡོད་རྩོམ་ཡིག