ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་དགོས།

2015-06-07 སྒྲོལ་མ།
   ཟླ ༥ བའི་ཚེས ༣༡ ནས་ཟླ ༦ པའི་ཚེས ༢ བར་དུ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་གྱིས་ཀུའེ་ཀྲོའུ་རུ་བརྟག་དཔྱད་ཞིབ་འཇུག་བྱེད་དུས།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུ་དང་།  ནང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གཏམ་བཤད་གལ་ཆེན་དག་གི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་ལེགས་པོ་བྱེད་དགོས་ཤིང་།  ཕྱོགས་ཡོངས་ནས《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལག་བསྟར་བྱེད་པ་དང་།   འཐབ་ཕྱོགས་གཅིག་གྱུར་བྱ་བ་རྣམ་པ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་ལེགས་པོ་བྱེད་དགོས་པ་བཅས་ནན་གྱིས་བསྟན།
   འཐབ་ཕྱོགས་གཅིག་གྱུར་པིས་ཅེ་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་དུ་ཞུགས་པ་དང་།  དེ་ནི་ཁོ་ཚོས་སྟོབས་ཤུགས་གཅིག་སྒྲིལ་བྱས་མཐར་ཀུན་ལ་ཞབས་འདེགས་ཞུ་བའི་ལས་དོན་ལེགས་འགྲུབ་བྱུང་བའི་མཚོན་རྟགས་ཤིག་ཡིན།  སུན་ཁྲུན་ལན་གྱིས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ཐད་སེམས་ཁུར་ཚད་མེད་བྱེད་ཀྱིན་འདུག་ལ།  མོ་ཧེ་ཀྲང་རྫོང་ཕིང་ཧྲན་ཞང་ཅང་ནན་སྡེ་བའི“སེམས་མཐུན”གསར་སྡེ་དུ་ཐོན་ནས།  སྡེ་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་།  སྟར་ཀ་ཚན་རྩལ་རིག་གནས་སྣ་འཛོམས་འགྲེམ་སྟོན་ཁུལ་དང་།  སྐྱེ་དངོས་སྨན་ལས་ཐོན་ལས་གླིང་།  དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་བཅས་ནས་ཐོན་ལས་ཁྱད་ཆོས་ཅན་གྱི་འཕེལ་རྒྱས་ཉམས་མྱོང་རྒྱུས་ལོན་བྱས།  མོས་བཤད་རྒྱུར།  ལོ་ངོ་སུམ་བཅུའི་རིང་།  ཏང་ཀྲུང་དབྱང་གི་འགོ་ཁྲིད་རིམ་པས་ཐུགས་འཁུར་ཚད་མེད་བྱས་ཐོག  དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།  ཞིང་ཆེན་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་སྲིད་གཞུང་གིས་པིས་ཅེ་ཡི་ལས་བྱེད་མི་སྣ་དང་དམངས་ཚོགས་ཀྱི་སྣེ་ཁྲིད་དེ།  དབུལ་སྐྱོབ་གསར་སྤེལ་དང་། སྐྱེ་ཁམས་འཛུགས་སྐྲུན།  མི་གྲངས་ཚོད་འཛིན་བཅས་གསུམ་པོ་བརྗོད་བྱ་གཙོ་བོར་བཟུང་ནས་ཡུན་རིང་བོར་འབད་བརྩོན་ལྷོད་མེད་བྱས་ཤིང་།  དམངས་ཀྱི་འཚོ་བ་དབུལ་ཕོངས་ནས་འབྱོར་འབྲིང་དུ་སླེབས་སུ་བཅུག་པ་དང་།  སྐྱེ་ཁམས་ཁོར་ཡུག་བཙོག་སྐྱོན་བཏང་ཡོད་པའི་རྣམ་པ་ལེགས་པར་བསྒྱུར།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ།  ཀྲུང་དབྱང་གིས་པིས་ཅེ་ཚོད་ལྟ་ཁུལ་གྱི་བྱ་བར་མཐོང་ཆེན་ཆེན་པོ་མཛད་ཀྱིན་ཡོད་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དུ།  ཚོད་ལྟ་ཁུལ་གྱི་དབུལ་ཕོངས་ས་ཆ་དེ་དག་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཐབས་ལམ་གང་མང་གཏོད་དགོས་ལ།  ཏང་མང་མཉམ་འབྲེལ་གྱི་ཞབས་འདེགས་དང་།  བཅོས་བསྒྱུར།  འཕེལ་རྒྱས་བྱ་བའི་ལག་ལེན་ཁྲོད་ཉམས་མྱོང་གསར་བ་འཚོལ་ཞིབ་བྱས་ཏེ།  ང་ཚོས་དེ་ནན་ཏན་སྒོས་ལག་བསྟར་དང་དོན་འཁྱོལ་བྱེད་དགོས་ཤིང་།  དེའི་བརྒྱུད་རིམ་ཁྲོད་འཐབ་ཕྱོགས་གཅིག་གྱུར་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཞབས་འདེགས་ལས་དོན་ཁྲོད་སྲི་ཞུ་གང་ལེགས་བསྒྲུབ་དགོས་པ་དང་།  སྔར་བའི་ལེགས་པས་ཐོན་ཁུངས་གཅིག་སྒྲིལ་དང་།  ཁྱད་ཆོས་མངོན་པ།  ཚན་རིག་གིས་རྒྱབ་སྐྱོར།  དབུལ་སྐྱོབ་ལེགས་པོ་བྱས་ཏེ།  པིས་ཅེ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་ཞབས་འདེགས་དང་།  བཅོས་བསྒྱུར།  འཕེལ་རྒྱས་བྱ་བའི་ཚོད་ལྟ་བྱེད་གནས་དང་།  ཏང་མང་མཉམ་འབྲེལ་དཔེ་སྟོན་ཁུལ་དུ་བསྒྱུར་དགོས་པ་བཅས་བསྟན་ཞིང་།  འཐབ་ཕྱོགས་གཅིག་གྱུར་གྱིས་དུས་ནམ་ཞིག་ལ་ལས་གང་དང་གང་བསྒྲུབ་རུང་།  བརྗོད་དོན་གཙོ་བོར་དམིགས་པ་དང་།  ཀུན་ལ་ཞབས་འདེགས་ཀྱི་ལས་དོན་ཡོངས་སུ་སྤེལ་བའི་ཉམས་མྱོང་མང་པོ་གསོག་འཇོག་བྱེད་པ། དཔེ་སྟོན་གྱི་ནུས་བ་ཐོན་པར་བརྩོན་ལེན་བྱེད་དགོས་ཞེས་གསུངས།
   ཀུའེ་ཀྲོའུ་རུ་ཡོད་དུས།  སུན་ཁྲུན་ལན་ཙུན་དབྱིའི་གྲོས་ཚོགས་ཀྱི་ཚོགས་གནས་ལ་ལྟ་སྐོར་བྱས་ཤིང་།  ཀྲུང་གོའི་གསར་བརྗེའི་དཀའ་ཚེགས་དང་འོད་སྟོང་ལྡན་པའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་།  ཀུའེ་ཡང་དན་གྲངས་མཛོད་ཆེན་པོ་དངོས་སྤྱོད་འགྲེམ་སྟོན་ལྟེ་གནས་དང་། “དུས་རབས་གྲོང”གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་རྟོག་ཞིབ་ནན་མོ་བྱས་ལ།  གློག་རྡུལ་ཚོང་ཚོགས་ཀྱི་འགན་ལེན་མི་སྣ་དང་མཉམ་དུ་སྤྱི་ཚོགས་རྩ་འཛུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་གྲོས་བསྡུར་བྱས།  ཀུའེ་ཀྲོའུ་ཞིང་ཆེན་གྱི་དམངས་གཙོ་ཏང་ཁག་སོ་སོ་དང་།  བཟོ་ཚོང་མཉམ་འབྲེལ་གྱི་འགན་ལེན་མི་སྣ།  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ།  འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་མི་སྣ་དང་བཞུགས་མོལ་ཚོགས་འདུ་ཚོགས་སྐབས།  སུན་ཁྲུན་ལན་གྱིས་བཤད་རྒྱུར།  རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ་དེ་འགན་འཁུར་གཙོ་བོར་འཛིན་དགོས་ལ།  དགོངས་དོན་གྱི་སྙིང་བོར་གོ་རྟོགས་ཟབ་མོ་བླངས་ཏེ།  ལག་བསྟར་དང་དོན་འཁྱོལ་གྱི་ལས་ལེགས་པར་སྤེལ་ནས་ཕན་ནུས་དང་ལྡན་པར་བྱེད་པ།  བསམ་བློ་གསར་བརྗེ་དང་།  ཐབས་བཀོད་ལེགས་བཅོས་བྱས་ཏེ།  "ཕྱོགས་ཡོངས་བཞི" ཡི་འཐབ་ཇུས་བཀོད་པའི་ཞབས་འདེགས་ལས་དོན་ཁྲོད་མཛད་རྗེས་འཇོག་པ།  ཏང་མང་མཉམ་འབྲེལ་ལམ་ལུགས་ལ་བརྟེན་ཕན་ནུས་བསྐྲུན་པ།  གཞན་སྤྱི་ཚོགས་ཀྱི་གྲལ་རིམ་གསར་བྱུང་དག་གི་མི་སྣ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པའི་ཐབས་ལམ་གསར་བ་བཅས་ལ་བརྟེན།  ཁྱོན་ཡོངས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་དུ་གཏོང་དགོས་ཟེར།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག