ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་གོང་དཀར་ནས་འགྲུལ་འཁོར་གཡང་དུ་ལྷུང་བས་མི ༡༡ འདས་གྲོངས་དང ༨ རྨས་འདུག

2015-06-10 ཚེ་རིང་རྣམ་རྒྱལ།
   ཀྲུང་གོའི་གསར་འགྱུར་དྲ་བར་ཕྱི་ཟླ ༦ པའི་ཚེས ༡༠ ཉིན་བོད་རང་སྐྱོང་ལྗོངས་གོང་དཀར་ནས་འགྲུལ་འཁོར་གཡང་དུ་ལྷུང་བས་མི ༡༡ འདས་གྲོངས་སུ་ཕྱིན་པ་དང ༨ རྨས་འདུག་པ་མྱུར་སྐྱོབ་བྱེད་སྒང་ཡིན་ཚུལ་བཀོད་འདུག
   གསར་ལམ་དུ་ཕྱི་ཟླ ༦ པའི་ཚེས ༡༠  ཉིན་གྱི་སྔ་དྲོའི་ཆུ་ཚོད ༩ དང་སྐར་མ ༡༤ ཡས་མས་སུ་བོད་རང་སྐྱོང་ལྗོངས་གོང་དཀར་རྫོང་དུ་ཡོད་པའི་རྒྱལ་ལམ ༣༠༧ གྱི 23KM+300M གནས་སུ་ལྷ་སའི་གནས་མཆོག་ལྗོངས་རྒྱུ་རླངས་འཁོར་ཀུང་སི་ཡི་འཁོར་བྱང་བོད AL0240ཅན་གྱི་འགྲུལ་འཁོར་གཡང་དུ་ལྷུང་བ་དང་། དོན་རྐྱེན་བྱུང་དུས་ཁ་ལོ་བ་རྩིས་པའི་མི ༡༩ འདུག་ལ། མིག་སྔར་མྱུར་སྐྱོབ་མ་ཕན་པར་འདས་གྲོངས་སུ་ཕྱིན་པ ༡༡ དང་རྨས་མ ༨ མྱུར་སྐྱོབ་བྱེད་སྒང་ཡིན་སྐོར་དང་། དོན་རྐྱེན་འབྱུང་ཡུལ་གྱི་ལམ་སོགས་ཤར་རྒྱུགས་ཐུབ་པར་བཀོད་འདུག
   གསར་ལམ་འདིར་དོན་རྐྱེན་བྱུང་མ་ཐག་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་གྱིས་ཏང་ཨུ་ཧྲུའུ་ཅི་ཁྲེན་ཆོན་ཀུའོ་དང་རང་སྐྱོང་ལྗོངས་ཀྲུའུ་ཞི་བློ་གྲོས་རྒྱ་མཚོ་ནས་བཀའ་བཀོད་དུ། དམིགས་བསལ་བགྲོད་ལམ་བརྒྱུད་དེ་རྨས་མ་མྱུར་དུ་སྨན་ཁང་ལ་བསྐྱལ་ནས་ཤི་རྨས་ཉུང་དུ་གཏང་ཅི་ཐུབ་ཀྱིས་ཞེས་དང་། འདས་རྗེས་བྱ་བ་ལེགས་པོ་བསྒྲུབ་དགོས་པར་གསུངས་ཡོད་པར་བརྗོད། ལྗོངས་ཏང་ཨུ་ཧྲུའུ་ཅི་གཞོན་པའམ་རང་སྐྱོང་ལྗོངས་རྒྱུན་ལས་ཀྱི་ཀྲུའུ་ཞི་གཞོན་པ། སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས་མྱུར་དུ་རང་སྐྱོང་ལྗོངས་ཀྲུའུ་ཞི་གཞོན་པ་ཧོ་ཝུན་ཧའོ་དང་འཆི་མེད་རིག་འཛིན། ལྷོ་ཁ་ས་ཁུལ་གྱི་འགོ་ཁྲིད་ཚོས་སྤྱི་བདེ་དང་འགྲིམ་འགྲུལ། འཕྲོད་སྟེན། བདེ་བཤེར་སོགས་ཁྲིད་དེ་ཡུལ་དངོས་བསྐྱོད་དེ་གང་ནུས་ཀྱིས་མྱུར་སྐྱོབ་བྱས་པར་བཀོད་སྒྲིག་བྱས་ཡོད་ཚུལ་བཀོད་འདུག
ཟབ་ཀློག ཀྲུང་གོའི་འཁོར་འདས་སུ་ཕྱིན་པའི་མི་གྲངས་ལ་དོགས་པ་ཟོས་མྱོང་། 
   དེ་སྔོན་ཤིན་ཧྭ་གསར་ལམ་དུ་རང་རྒྱལ་དུ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་འདས་པའི་མིས་འདས་གྲོངས་ཕྱིན་པའི ༣༠% ཟིན་ཡོད་པ་དང་།  ༢༠༠༠ ལོ་ནས་བཟུང་རང་རྒྱལ་དུ་ལོ་རེར་འགྲིམ་འགྲུལ་དོན་རྐྱེན་ལས་འདས་པའི་མི་འབུམ་གཅིག་ཡས་མས་ཡོད་པ་དང་རྨས་མ་འབུམ་བཞི་ལྷག་འབྱུང་གིན་པ། དཔལ་འབྱོར་གྱི་གྱོང་ས་ཡ་བཞི་ལྷག་རག་ཡོད་ཚུལ་བཤད། ལྗིད་བརྒལ་གྱིས་བསྐྱོད་པ་དང་ཆང་འཐུང་ནས་སྐོར་བ། གློག་འཁོར་རྙོག་འཛིང་ཆེ་བ། འགྲིམ་འགྲུལ་གྱི་བརྡ་ལ་མ་བལྟས་བར་གང་འདོད་དུ་བསྐྱོད་པ། གློག་དམར་པོར་སྣང་འཇོག་མི་བྱེད་པ་སོགས་ནི་འགྲིམ་འགྲུལ་དོན་རྐྱེན་གྱི་བྱེད་གཏེ་རུ་གྱུར་ཚུལ་བཤད། 
   རླངས་འཁོར་གྱི་ཁ་གྲངས་དབྱར་མཚོ་བཞིན་རྒྱས་པའི་དུས་འདིར། འགྲིམ་འགྲུལ་དོན་རྐྱེན་ཉུང་འཕྲི་འགྲོ་བཞིན་པ་འདི་ཅི་ཞེ་ན། བརྒྱུད་ལམ་ཁག་ཏུ་ཀྲུའུ་ཡང་ཁཱང་སྤྱི་བདེ་པུ་ཡི་པུ་ཀྲང་དུ་འདུག་ཡུན(༢༠༠༣ནས༢༠༠༧)རིང་ཀྲུང་གོའི་འགྲིམ་འགྲུལ་དོན་རྐྱེན་ལོ་རེར༡༥%ཉུང་འཕྲི་བྱ་དགོས་པའི་བླང་བྱ་བཏོན་ཡོད། ༢༠༠༣ ནས ༢༠༠༧ ལོའི་བར་སྤྱི་བདེ་པུ་ནས་བསྒྲགས་པའི་སྡོམ་རྩིས་སུ་ལོ་རེའི་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚད ༡༣.༧%、༢༢.༤%、༡༣.༡%、༡༥.༩%、༡༣.༦%མར་བབས་ཡོད་པས། ལོ་རེར༡༥ %ཉུང་འཕྲི་དགོས་པའི་བླང་བྱ་དང་མཐུན་ཡོད། 
   འོན་ཀྱང་། འཕྲོད་བསྟེན་སྡེ་ཁག་ནས་ཐོན་པའི་སྡོད་དམངས་ཤི་རྐྱེ་སྡོམ་རྩིས་ལྟར་ན ༢༠༡༢ ལོར་འཕྲུལ་འཁོར་གྱི་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པ་མི ༡༠༧༢༦༢ ཡོད་པས་ལོ་བཅུའི་ཡར་སྔོན་གྱི་ལྡབ་གཉིས་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག