ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་སྲིད་ཇུས་བཟང་མིན་དེ་གཙོ་བོ་མི་མང་གི་རྣམ་འགྱུར་ལས་རྟོགས་ཐུབ་ཅེས་གསུངས།

2015-06-17 བཀྲ་རྒྱལ།

【ཞིས་ཅིན་ཕིང་གིས་ཀུའེ་ཀྲོའུ་ཞིང་ཆེན་ལ་རྟོག་ཞིབ་གནང་དུས་ཀྱི་ས་ཚིགས་ཐོག་མ་ཙུན་དབྱི།】ནམ་མཁའ་སྔོ་ཞིང་དྭངས་ལ།ཐང་ཤིང་གི་གཡུ་ལོ་ཐགས་སུ་བཀྲ།ཕྱི་ཚེས ༡༦ ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་རྒྱལ་ས་པེ་ཅིང་ནས་ཀུའེ་ཀྲོའུ་ཙུན་དབྱི་རུ་ཕེབས་ནས་རྟོག་ཞིབ་གནང་། ཁོང་ཉིད་གནམ་གྲུ་ལས་བབས་མ་ཐག་ཐད་ཀར་དམར་དམག་རི་བོའི་སྔོན་གཤེགས་དཔའ་བོའི་བང་སོ་ར་བར་ཕེབས་ནས།སྔོན་གཤེགས་དཔའ་བོ་དག་གི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་མཆོད་པ་ཕུལ་འདུགདྲན་གསོའི་རྡོ་རིང་གི་ཕྱོགས་བཞིའི་སྐུ་བརྙན་ལས་དམར་དམག་གིས་ཁྲག་འཛིང་འཐབ་རེས་བྱས་པའི་རྣམ་པ་མངོན་འདུག་ཅིང་།ཝུའུ་ཅང་གཙང་བོའི་འགག་འཕྲེང་བརྒལ་བའི་སྐུ་བརྙན་གྱི་མདུན་དུ།སྤྱི་ཁྱབ་ཧྲུའུ་ཅིས་གཟབ་ནན་ངང"སྐབས་དེར་ཕར་ལ་བརྒལ་མ་ཐུབ་ཚེ་ཉེན་ཁ་ཤིན་ཏུ་ཆེན་པོ་འདུག་ཨང"ཞེས་གསུང་བྱུང་།རྡོ་རིང་སྟེང་གི"དམར་དམག་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག"ཅེས་པའི་ཡིག་འབྲུ་དག་ནི་ཏིང་ཞའོ་ཕིན་གྱིས་ཕྱག་བྲིས་མཛད་པ་ཡིན་ལ།ཞིས་ཅིན་ཕིང་གིས་བློ་སེམས་རྣལ་མོས་འགྲེལ་བརྗོད་པའི་ངོ་སྤྲོད་གསན་འདུགའདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཀུའེ་ཀྲོའུ་ལ་རྟོག་ཞིབ་ཕེབས་ཐེངས་ཐོག་མ་དེ་རེད།

【ཙུན་དབྱི།】གནའ་བོའི་སྐད་དུ་ཕན་ཀྲུའུ་ཞེས་འབོད།ཙུན་དབྱི་ཚོགས་འདུ་འཚོགས་པའི་དབང་གིས་ལོ་རྒྱུས་དེབ་ཐེར་དུ་བཀོད་པ་རེད།༡༩༣༥ ལོར།དམར་དམག་གིས་འདི་གར་དུས་ཡུན་ཟླ ༣ ལྷག་རིང་དམག་འཁྲུག་གི་མཛད་པ་བསྐྱངས་རྗེས།ཁྲི་གཙང་ལ་ཐེངས་བཞིར་བརྒལ་བའི་ངོ་མཚར་ལོ་རྒྱུས་བསྐྲུན་པ་རེད།འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་འགོ་ཁྲིད་དཔུང་སྡེ་རབས་དང་པོ་བྱོན་ས་ཡིན་ལ།མའོ་ཙེ་ཏུང་གི་དགོངས་པ་ཆགས་སའི་གནས་ཏེ།ཏང་གིས་རང་རྐྱ་འཕེར་བའི་ངང་རང་སྟེང་གི་གནད་དོན་གལ་ཆེན་ཐག་གཅོད་བྱེད་འགོ་རྩོམ་སའང་རེད།ཉེ་བའི་ལོ་ཤས་རིང་།ཙུན་དབྱིས་དཔལ་འབྱོར་འཕེལ་རྒྱས་གཞན་ལས་བརྒལ་བར་བྱས་ཏེ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་གྱི་གོམ་འགྲོས་ཇེ་མགྱོགས་སུ་བཏང་ཡོད་པ་རེད།

【ཞིས་ཅིན་ཕིང་གིས་ཙུན་དབྱི་ཚོགས་འདུའི་ཚོགས་རར་གཟིགས་ཞིབ་གནང་པ།】༡༩༣༥ ལོའི་ཟླ ༡ པོར་བསྡུས་པའི་ཙུན་དབྱི་གྲོས་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་ཏེ། ཚེས ༡༦ ཉིན་གྱི་ཕྱི་དྲོའི་ཆར།ཞིས་ཅིན་ཕིང་ཙུན་དབྱི་ཚོགས་འདུའི་ཚོགས་རར་ཕེབས་ནས་གཟིགས་ཞིབ་གནང་། ཁོང་ཉིད་ཀྲོའུ་ཨེན་ལའེ་དང་ཀྲུའུ་ཏེ་སོགས་གསར་བརྗེ་རྒན་རབས་པ་དག་གི་བཞུགས་ཤག་དང་ཙུན་དབྱི་ཚོགས་འདུའི་ཚོགས་ཁང་དུ་ཕེབས་ནས།ཡུན་ཙམ་ལ་ཙུན་དབྱི་ཚོགས་འདུའི་ཚོགས་ཞུགས་མི་སྣ་དག་གི་འདྲ་པར་ལ་ཅེར་ཞོར་འགྲེལ་བརྗོད་མཁན་གྱི་འགྲེལ་བརྗོད་ལ་གསན།ཐོག་ཁང་གཉིས་བའི་བར་ཁྱམས་སུ།རྗེས་དྲན་ཁང་གི་འགོ་གཙོས་སྤྱི་ཁྱབ་ཧྲུའུ་ཅིར་འདབ་ལོ་རྒྱས་པའི་ཚོས་སེར་སྡོང་པོ་ཞིག་སྟོན་ཞོར།སྡོང་པ་འདི་ནི་ཙུན་དབྱི་ཚོགས་འདུ་དང་དུས་མཉམ་དུ་སྐྱེས་པ་ཞིག་སྟེ།སྐབས་དེ་དུས་སྡོང་ཕྲན་ཞིག་ཡིན་ནའང་།ད་ཆར་སྡོང་རྒན་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་པར་སྤྱི་ཁྱབ་ཧྲུའུ་ཅིས་འཛུམ་མདངས་དང་བཅས་བདེན་པའི་དབུ་ལྕོག་ལྡེམ་བྱུང་།

【ཞིས་ཅིན་ཕིང་གིས་ཙུན་དབྱི་ཚོགས་འདུའི་འགྲེམས་སྟོན་ཁང་གཟིགས་ཞིབ་མཛད་དུས། འགྲེལ་བརྗོད་པར་ཀུན་ལ་འགྲེལ་བརྗོད་ལེགས་པོ་གནང་དགོས་པའི་བཀའ་བཅོལ་གནང་།】ཞིས་ཅིན་ཕིང་ཙུན་དབྱི་ཚོགས་འདུའི་འགྲེམས་སྟོན་ཁང་གི་འགྲེམས་ཁང་དང་པོའི་ཙུན་དབྱི་ཚོགས་འདུའི་ཚོགས་ཞུགས་མི་སྣ༢༠ལྷག་གི་སྐུ་བརྙན་གྱི་མདུན་དུ་ཕེབས་ཤིང་།པར་རེའུ་དང་ཅ་ལགཡུལ་ལྗོངས་དཔེ་དབྱིབས་རེ་རེའི་མདུན་དུ།ཞིས་ཅིན་ཕིང་གིས་ཡུན་རིང་སྤྱན་ཟུང་ཅེར་ནས་གཟིགས་ཞིབ་གནང་པ་དང་།"ཝུའུ་ཅང་གཙང་པོའི་འགག་སྒོའི་སྔར་གྱི་རྣམ་པ་ད་དུང་ལྷག་ཡོད་དམ་མེད""ཙུན་དབྱིར་དེ་སྔོན་གསར་བརྗེའི་བྱེད་སྒོ་ཡོད་དམ་མེད"ཅེས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་གནང་།དུས་ཡུན་སྐར་མ ༣ རིང་གི་ཁྲི་གཙང་ལ་ཐེངས་བཞིར་བརྒལ་པའི་བརྒྱུད་ལམ་སྣེ་མང་གི་བརྙན་ཐུང་ལ་གཟིགས་རྗེས། སྤྱི་ཁྱབ་ཧྲུའུ་ཅིས"མའོ་ཀྲུའུ་ཞིས་དམག་ཇུས་ཁྱད་མཚར་པོ་རེད་དེ། དངོས་གནས་ངེས་མེད་རྒོལ་རྡུང་དམག་འཐབ་ཀྱི་མིག་དཔེ་འཛིན་ས་རེད"ཅེས་གསུངས་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་མཐོང་མ་ཐགདེ་གར་གཟིགས་སྐོར་བྱེད་སྒང་གི་མང་ཚོགས་དག་དེར་འདུས་བྱུང་ལ།སྤྱི་ཁྱབ་ཧྲུའུ་ཅིས་དེ་དག་ལ་རེ་རེ་བཞིན་ཕྱག་འཇུས་གནང་བྱུང་།དེ་ག་དང་ཞལ་གྱེས་སྐབས།སྤྱི་ཁྱབ་ཧྲུའུ་ཅིས་འགྲེལ་བརྗོད་པར། "ཁྱོད་ཀྱིས་འགྲེལ་བརྗོད་ཡག་པོ་གནང་བྱུང་།ཀུན་ལའང་འདི་ནང་བཞིན་ང་ཚོའི་ཏང་ནི་ཇི་ལྟར་བྱུང་པའི་སྐོར་འགྲེལ་བརྗོད་ལེགས་པོ་བྱེད་དགོས"ཞེས་བཀའ་བཅོལ་གནང་བྱུང་།

【ཙུན་དབྱི་ཚོགས་འདུའི་འགྲེམས་སྟོན་ཁང་།】༢༠༡༢ ལོར།ཙུན་དབྱི་ཚོགས་འདུའི་འགྲེམས་སྟོན་ཁང་རྒྱ་བསྐྱེད་པའི་ལས་གཞི་དེ་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་དུས་རིམ་གཉིས་པའི་གཙོ་གནད་ལས་གཞིའི་གྲས་སུ་ཚུད་པ་མ་ཟད།༢༠༡༣ ལོར་འཛུགས་བསྐྲུན་འགོ་ཚུགས་པ་དང་།ད་ལོའི་ཟླ ༡ པོའི་ཚེས ༡༥ ཉིན་ཙུན་དབྱི་ཚོགས་འདུ་འཚོགས་ནས་ལོ་ངོ ༨༠ འཁོར་པའི་སྐབས་སུ་བསྐྱར་དུ་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་རེད།འཛུགས་བསྐྲུན་གཞི་ཁྱོན་ལ་ཁྱོན་བསྡོམས་རྨིད་གྲུ་བཞི་མ་ཁྲི༢དང་།འགྲེམས་ཁང་གི་གཞི་ཁྱོན་ལ་རྨིད ༧༠༠༠ ཡོད་དེ།འགྲེམས་སྟོན་ནི་དམར་དམག་རྒྱང་སྐྱོད་གཙོར་བཟུང་ནས་རྔམ་བརྗིད་ལྡན་པའི་དམར་དམག་རྒྱང་སྐྱོད་ཀྱི་རིག་གནས་འགྲེམས་སྟོན་གནང་ཡོད་པ་རེད།

【ཞིས་ཅིན་ཕིང་གིས་ཙུན་དབྱི་ཧྭ་མའོ་གྲོང་ཚོར་གཟིགས་ཞིབ་གནང་པ།】ཞིས་ཅིན་ཕིང་གིས་ཡུལ་མི་ཚོ་ནམ་ཡང་ཐུགས་ནས་འདོར་གྱི་མེད་དེ།ཁོང་ཉིད་ཙུན་དབྱི་རྫོང་ཧྥིང་ཤང་གྲོང་བརྡལ་ཧྭ་མའོ་གྲོང་ཚོར་ཕེབས་ཤིང་།འདི་གར་ད་ལོར་གཅིག་གྱུར་འཆར་འགོད་ཀྱིས་དབུལ་སྐྱོར་ལས་སྒོ་སྤེལ་ནས་ཞིང་སྡེའི་མཛེས་ལྗོངས་དང་།གསར་བརྗེའི་རིག་གནས། རྫ་ཆས་རིག་གནས་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་ཚགས་སུ་ཆུད་པ་བྱས་འདུགཁོང་གིས་རིག་ལྡན་དྲོད་ཁང་དང་།ཏང་ཡོན་དང་མང་ཚོགས་ཀྱི་གཞིས་ཁྱིམ།དམིགས་བསལ་ཐོན་རྫས་ཞབས་ཞུ་ལྟེ་གནས།གྲོང་མི་ཝང་ཀྲི་ཆིང་གི"གསར་བརྗེའི་གཞིས་ཁྱིམ"ཞེས་པའི་ཞིང་སྡེ་སྤྲོ་སྐྱིད་གླིང་བཅས་སུ་རྟོག་ཞིབ་གནང་པ་མ་ཟད།རྫ་ཆས་བཟོ་ཁང་དུ་རྟོག་ཞིབ་གནང་ནས་ཞིང་གྲོང་གི་འཕེལ་རྒྱས་འགྱུར་ལྡོག་ལ་རྒྱུས་ལོན་མཐིལ་ཕྱིན་གནང་།

【ཙུན་དབྱི་རྫོང་ཧྥུང་ཤང་གྲོང་བརྡལ་ཧྭ་མའོ་གྲོང་ཚོ།】ཧྭ་མའོ་གྲོང་ཚོའི་མིང་རྙིང་པར་ཧྭང་མའོ་ཐེན་ཞེས་འབོད་དེ།དེ་ནི་དབུལ་ཕོངས་ས་སྟོང་གི་དོན་ཡིན་ལ་དེའི་རྗེས་སུ་མེ་ཏོག་འདབ་བརྒྱ་གྲོལ་བའི་དོན་ཅན་གྱི་ཧྭ་མའོ་གྲོང་ཚོར་བསྒྱུར་པ་རེད། ཉེ་བའི་ལོ་ཤས་རིང་།གྲོང་ཚོ་འདི་གས་གཅིག་གྱུར་འཆར་འགོད་ཀྱི་དབུལ་སྐྱོར་ལས་སྒོ་སྤེལ་ནས། ཕན་འབྲས་མཐོ་བའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་བཏང་ཞིང་།ཡུལ་མི་རྣམས་ཀྱིས་ཞིང་སྡེའི་ཡུལ་སྐོར་ལས་སྒོ་གཉེར་བར་སྣ་ཁྲིད་ནས་ཞིང་གྲོང་དང་ཡུལ་སྐོར་གཅིག་གྱུར་ཅན་ལ་སྐུལ་འདེད་གནང་པས་ན། ༢༠༡༤ལོར།ཞིང་གྲོང་སྡོད་དམངས་ཀྱི་མི་རེའི་སྤྱོད་ཆོག་པའི་ཡོང་འབབ་སྒོར ༡༠༩༤༨ དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་གྱི་ཚད་ནི་བརྒྱ་ཆའི ༩༧.༦༢ རེད།

【ཞིས་ཅིན་ཕིང་གིས་རིག་ལྡན་དྲོད་ཁང་ཆེན་མོར་གཟིགས་ཞིབ་གནང་དུས། "ང་འདིར་ཡོང་དོན་ནི་ཁྱོད་ཚོས་ཞིང་པར་སྣེ་ཁྲིད་ནུས་པ་ཐོན་པ་བློར་བབ་པས་ཡིན"ཞེས་གསུངས།】ཡངས་ཤིང་རྒྱ་ཆེ་བའི་དྲོད་ཁང་གི་སྒྲོམ་སྟེགས་དང་ས་སྟེང་དུ་སིལ་ཏོག་དང་ཚལ་སྣས་ཁེངས་འདུགཞིས་ཅིན་ཕིང་ཧྥིང་ཤང་སྔོ་ཚལ་གྱི་དེང་རབས་ཕན་ལྡན་ཞིང་ལས་ར་བའི་རིག་ལྡན་དྲོད་འཛིན་འགྲེམས་སྟོན་དྲོད་ཁང་དུ་ཕེབས་ནས།འགྲེམས་སྟེགས་སྟེང་གི་སུར་པན་དང་།སྲན་ལེབ་།ལ་ཕུག་སྐམ་པོ་ལ་ཞིབ་གཟིགས་གནང་པ་དང་། དེ་གར་ལས་ཀ་བྱེད་སྒང་གི་གྲོང་མི་རྣམས་ལས་ས་ཞིང་ཉོ་ཚོང་དང་།ཁྱིམ་ཚང་གི་ཡོང་འབབ་བཅས་སྐོར་རྒྱུས་ལོན་གནང་།གྲོང་མི་རྣམས་ཀྱིས"ཡོང་འབབ་བཙལ་ཐུབ་པ་མ་ཟད་ལག་རྩལ་ཡང་སྦྱོང་ཐུབ་ལ།རྒན་གཞོན་ཁྱིམ་མི་དག་ལ་ལྟ་སྐྱོང་ཡང་བྱེད་ཐུབ"ཅེས་བརྗོད་པར།སྤྱི་ཁྱབ་ཧྲུའུ་ཅིས་གདོང་ལ་འཛུམ་དགྱེས་ཏེ"དེས་ན་སེམས་བདེ་ལ་བབ་ཆོག་པ་རེད"ཅེས་གསུངས། འདི་གར་ཀུང་སི་དང་ཆེད་ལས་མཉམ་ལས་ཁང་།ཞིང་པ་བཅས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ས་ཞིང་མ་རྐང་དུ་འཇོག་པ་དང་། ནམ་རྒྱུན་ལས་ཀ་བྱེད་པ།ལོ་མཇུག་ཏུ་ཡོང་འབབ་བགོ་བཤའ་བརྒྱབ་ནས་ཞིང་པ་རྣམས་དབུལ་སེལ་ཕྱུག་འགྱུར་གྱི་ལམ་དུ་ཞུགས་ཡོད་པ་མཐོང་འཕྲལ་སྤྱི་ཁྱབ་ཧྲུའུ་ཅི་ཧ་ཅང་དགའ་པོ་བྱུང་འདུག་ཅིང་། དེ་གར་ཞལ་གྱེས་སྐབས། ཁོང་གིས་ཧྲན་ཏུང་ཧྲུག་ཀོང་ནས་ཡིན་པའི་ཁེ་ལས་ཀྱི་འགན་ཁུར་པར། "ང་འདིར་ཡོང་དོན་ནི་ཁྱོད་ཚོས་ཞིང་པར་སྣེ་ཁྲིད་ནུས་པ་ཐོན་པ་བློར་བབ་པས་ཡིན་ལ།དྲོད་ཁང་ཡང་དངོས་གནས་ཡག་པོ་འདུགཁྱོད་ཚོས་མུ་མཐུད་འབད་འབུངས་གྱིས་ཤིག"ཅེས་ཐུགས་རེ་བཏོན་བྱུང་།

【ཙུན་དབྱི་རྫོང་ཧྥིང་ཤང་སྔོ་ཚལ་དེང་རབས་ཕན་ལྡན་ཞིང་ལས་ར་བ】འདི་ནི་ས་གནས་དེ་གའི་༢༠༡༤ ལོར་ཧྲན་ཏང་ཞིང་ཆེན་ཧྲུའུ་ཀོང་གྲོང་ཁྱེར་ཅུག་ཧྥུན་ཚོགས་པས་འཛུགས་བསྐྲུན་བྱས་པ་ཡིན་ལ།མིག་སྔར་གཞི་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི ༡༥ ལ་ཉེ་བའི་དྲོད་ཁང་འཛུགས་བསྐྲུན་བྱས་འདུག་ཅིང་། མི་སྣ ༧༡ ལྷག་གི་ལས་གནས་ཐག་གཅོད་བྱས་འདུགསྔོ་ཚལ་ར་བ་དེས་དམིགས་ཡུལ་ནི་སྔོ་ཚལ་རྟེན་གཞིའི་ཡང་སྙིང་ལྟ་བུར་ཆགས་རྒྱུ་དང་།ཞིང་པའི་ཡོང་འབབ་ལ་འགན་སྲུང་བྱེད་པ།ཉེན་ཁ་སྔོན་འགོག་གི་སྲུང་ཡོལ་ཐུབ་པ།གྲོང་ཁྱེར་གྱི་ཟས་ཅོག་སྟེང་གི་རྟེན་ས་ཉག་གཅིག་ཆགས་རྒྱུ་དེ་ཡིན་ལ། འཛུགས་བསྐྲུན་ཡོད་ཚད་ལེགས་འགྲུབ་བྱུང་རྗེས།ལས་གནས ༢༠༠༠ ལྷག་མཁོ་འདོན་གནང་ཐུབ་ཅིང་།ཞིང་པ་ཁྲི ༢ ལྷག་སྣེ་ཁྲིད་བྱེད་ཐུབ།

【ཞིས་ཅིན་ཕིང་གིས་མཐའ་འཁོབ་ས་ཁུལ་གྱི་བྱིས་པ་དག་་གི་སློབ་གྲྭའི་འགྲོ་ལམ་རིང་མིན་ལ་ཐུགས་ཁུར་གནང་འདུག】སྤྱི་ཁྱབ་ཧྲུའུ་ཅི་ཀུའེ་ཀྲོའུ་ཙུན་དབྱི་རྫོ་ཧྭ་མའོ་གྲོང་ཚོར་སླེབས་ཤིང་།གྲོང་ཚོ་དེས་དཀར་འདམ་ཚོགས་ཆུང་གི་ཏང་ཡོན་དང་མང་ཚོགས་ཀྱི་གཞིས་ཁྱིམ་གྱི་སྒོ་ཁར་བྱིས་པ་འགའ་ཕིང་ཕིང་སྤོ་ལོར་རྩེ་བཞིན་འདུགསྤྱི་ཁྱབ་ཧྲུའུ་ཅི་དེ་དག་གི་འཁྲིས་སུ་ཕྱིན་ནས་བྱིས་པ་དག་སློབ་གྲྭ་གྲོལ་ནས་འདི་གར་རྩེ་བཞིན་པ་ཤེས་འཕྲལ།ཁོང་གིས་ཁྱོད་ཚོའི་སློབ་གྲྭ་ཁྱིམ་ལས་ཐག་རིང་པོ་ཨེ་ཡོད། སློབ་གྲྭ་གྲོལ་རྗེས་ཁྱིམ་དུ་ཇི་ལྟར་ལོག་གི་ཡོད་ཅེས་དྲིས་པར། བྱིས་པ་ཚོས།སྤྱི་ལེ་གཅིག་གི་ལམ་ཐག་ལས་མེད་དེ་སྐར་མ་བཅུ་ལྷག་གིས་ཁྱིམ་དུ་འབྱོར་ཐུབ་ཅེས་པར་སྤྱི་ཁྱབ་ཧྲུའུ་ཅི་ཐུགས་དགྱེས་ནས་ཞལ་འཛུམ་གྱིས་ལེགས་པའི་བརྡ་བསྟན།

【ཞིས་ཅིན་ཕིང་གིས་ཧྭ་མའོ་གྲོང་ཚོར་གཟིགས་ཞིབ་གནང་དུས། ལྷན་རྒྱས་འདིར་འཛོམས་དོན་ནི་འདི་ནས་ཕ་ཡུལ་དྲན་པའི་གདུང་སེམས་རྙེད་པས་མ་ཡིན་ནམ་ཞེས་གསུངས】ལམ་འགྲམ་གྱི་ཞིང་ཁར། རྣང་ཞིང་གྲུ་བཞིའི་ཉི་དགའ་མེ་ཏོག་ལ་འདབ་བརྒྱ་ལྷུག་པོར་གྲོལ་འདུགཞིས་ཅིན་ཕིང་རླངས་འཁོར་བབས་ཏེ་འདི་གའི་མཛེས་ལྗོངས་ལ་རོལ་བྱུང་།ས་གནས་དེ་གའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིར། མཛེས་པའི་ཞིང་གྲོང་འཛུགས་བསྐྲུན་དང་བསྡོངས།མེ་ཏོག་རྣམ་པར་བཀྲ་བའི་ཧྭ་མའོ་གྲོང་ཚོ་ནི་གཉེན་སྒྲིག་མཁན་དག་གིས་པར་བསྐྱོན་སར་གྱུར་འདུག་ཅིང་།ཉེ་འཁོར་གྱི་གྲོང་མི་མི་ཉུང་པ་གཉེན་སྒྲིག་དུས་འདི་གར་ཡོང་གི་ཡོད་རེད་ཅེས་བརྗོད།གྱང་ར་དང་ཤིང་རར་གཤིབས་པའི་ལམ་ཕྲན་སྟེང་།ཞིས་ཅིན་ཕིང་ཕེབས་ཞོར་དུ་ས་གནས་དེ་གའི་དབུལ་ཐར་ཕྱུག་འགྱུར་གྱི་གནས་ཚུལ་སྐོར་རྒྱུས་ལོན་བྱས་པ་དང་། མེ་ཏོག་སྣ་བརྒྱ་བཞད་ཅིང་ལམ་གྱི་གཞོགས་གཉིས་ཀྱི་སྡོད་ཁང་གྲལ་དག་པ་མཐོང་འཕྲལ།ཁོང་གིས་སེམས་ཚོར་ཆེན་པོས་ངང་། ལྷན་རྒྱས་འདིར་འཛོམས་དོན་ནི་འདི་ནས་ཕ་ཡུལ་དྲན་པའི་གདུང་སེམས་རྙེད་པས་མ་ཡིན་ནམ་ཞེས་གསུངས་སོང་།ཆུ་དང་གློགལམ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་པས།ཁོང་གིས་འཕྲོད་བསྟེན་གྱི་གནས་ཚུལ་སྐོར་དྲིས་བྱུང་། གྲོང་མི་འགས་ལམ་འགྲམ་གྱི་སྡོད་ཁང་དུ་སྦ་ཤིང་གི་རྐུབ་བཀྱག་སླེས་བ་མཐོང་འཕྲལ།ཁོང་ཉེ་སར་བཅར་ནས།"གཅིག་སླེས་ནས་དུས་ཚོད་ག་ཙམ་དགོས"ཞེས་དྲིས་པར།མི་གསུམ་སྡོད་ས་ཅན་གཅིག་སླེས་ན་ཉིན༤ལས་མི་དགོས་པ་དང་། སྒོར༡༢༠༠བཙོང་ཐུབ་པ་ཐོས་རྗེས། ཁོང་གིས"ཚོང་ལམ་བཟང་ན།ཡོང་འབབ་དངོས་གནས་མཐོན་པོ་འདུག"ཅེས་གསུངས།

【ཞིས་ཅིན་ཕིང་གིས་སྲིད་ཇུས་བཟང་མིན་དེ་གཙོ་བོ་མང་ཚོགས་ཀྱི་རྣམ་འགྱུར་ལས་རྟོགས་ཐུབ་ཅེས་གསུངས】ཉེ་བའི་ལོ་ཤས་རིང་། ཧྭ་མའོ་གྲོང་ཚོས་རི་ལུང་གི་དེང་རབས་ཕན་ལྡན་ཞིང་ལས་འཕེལ་རྒྱས་དང་།ཞིང་ལས་དང་ཡུལ་སྐོར་གཅིག་གྱུར་ཅན་སྐུལ་འདེད་བྱས་ནས།ཞིང་སྡེའི་མགྲོན་ཁང ༤༢ དང་། ཞིང་སྡེའི་སྤྲོ་སྐྱིད་གླིང ༡༠ བཅས་གསར་དུ་བཙུགས་ནས།ཞིང་བ་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་འདུགཞིས་ཅིན་ཕིང་གྲོང་མི་ཝང་ཀྲི་ཆིང་གི་ཞིང་སྡེ་སྤྲོ་སྐྱིད་ཁང་དུ་ཕེབས་ནས།ཁང་པའི་ཕྱི་ནང་ཀུན་ལ་ཞིབ་གཟིགས་གནང་ཞིང་། "ཁྱིམ་ནས་ག་རེ་འདེབས་ཀྱི་ཡོད།""ས་ཞིང་གཉེར་བའི་གནས་ཚུལ་ག་འདྲ་རེད""ཞིང་སྡེ་སྤྲོ་སྐྱིད་གང་གི་ཡོང་འབབ་ག་འདྲ་འདུག"ཅེས་དྲིས།

ཞིས་ཅིན་ཕིང་དང་གྲོང་མི་ཚོ་དང་མཉམ་འདུས་ཀྱིས་ཁ་བརྡ་གནང་དུས།གྲོང་མི་རྣམས་ཀྱིས་སྔ་གཞུག་ཏུ་རང་རང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ངོ་སྤྲོད་གནང་བྱུང་པ་དང་།ཏང་དང་སྲིད་གཞུང་གི་སྲིད་ཇུས་ལ་བསྟོད་བསྔགས་བྱེད་ཀྱི་འདུགསྤྱི་ཁྱབ་ཧྲུའུ་ཅིས་ལྷན་རྒྱས་ལ།འདི་ནི་ང་རང་ཙུན་དབྱི་ལ་ཡོང་ཐེངས་གསུམ་པ་ཡིན།མང་ཚོགས་དང་ལྷག་དོན་ཞིང་པ་དག་གི་འཚོ་བར་རྒྱུུས་ལོན་བྱེད་འདོད་ཤིན་ཏུ་ཆེ།ང་ཚོའི་ལོ་བརྒྱའི་དམིགས་ཡུལ་དང་པོ་ནི༢༠༢༠ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་བྱུང་རྒྱུ་དེ་རེད། ཞིང་པ་དག་གི་འབྱོར་འབྲིང་མིན་ན་ཁྱོན་ཡོངས་ཀྱི་འབྱོར་འབྲིང་ཡིན་མི་སྲིད་ཅེས་གསུངས་བྱུང་།

ད་རེས་ཀུའེ་ཀྲོའུ་ལ་རྟོག་ཞིབ་ཏུ་ཕེབས་དོན་གཙོ་བོ་ནི་དབུལ་ཕོངས་མང་ཚོགས་ཇི་ལྟར་དབུལ་ཐར་ཕྱུག་འགྱུར་ཡོང་པར་རྒྱུས་ལོན་བྱ་རྒྱུ་དེ་ཡིན།གོང་དུ་ཁྱེད་རྣམས་པས་ངོ་སྤྲོད་དང་།སོ་སོའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་པ་དེས་ཁྱེད་ཚོའི་འཚོ་བ་སྐྱིད་པོ་རོལ་ཡོད་པ་རྟོགས་ཐུབ་ཅིང་། འདི་གའི་དབུལ་ཐར་ཕྱུག་འགྱུར་གྱི་ལས་སྒོ་སྤེལ་བའང་ཅུང་ལེགས་འགྲུབ་བྱུང་འདུག ཁྱེད་ཅག་ནས་ཏང་དང་སྲིད་གཞུང་གོང་བཀུར་བྱེད་ཀྱི་འདུགམང་ཚོགས་ཀྱིས་གོང་བཀུར་བྱེད་མིན་དེ་ང་ཚོའི་ལས་ཀར་ཞིབ་བཤེར་གྱི་ཚད་གཞི་གལ་ཆེན་ཡིན།ཏང་ཀྲུང་དབྱང་སྲིད་ཇུས་གཏན་འཁེལ་བྱས་པ་བཟང་མིན་ནི་ཡུལ་མི་ཚོའི་དགྱེས་སྡུག་ལས་རྟོགས་ཐུབ་ཅིང་། དགྱེས་པ་ཡིན་ན་སྲིད་ཇུས་བཟང་པ་མཚོན་ལ།སྡུག་པ་ཡིན་ན་ང་ཚོས་དོ་སྣང་བྱེད་དགོས་ཏེ།བཅོས་སྒྱུར་བྱེད་དགོས་སར་བཅོས་སྒྱུར་གཏོང་རྒྱུ་དང་། འཐུས་ཚང་གཏོང་དགོས་ས་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས་བྱུང་།

འབྲེལ་ཡོད་རྩོམ་ཡིག