ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁྲིམས་འཛིན་ཡིག་རྒྱུགས་གཏང་ལ་ཉེ། བོད་ལྗོངས་སུ་བོད་ཡིག་གི་རྒྱུགས་ར་བཤམ་རྒྱུ།

2015-06-18 བློ་ཕུན།
   སྤྱི་ཟླ ༦ པའི་ཚེས ༡༦ ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བའི་གསར་འཕྲིན་ལ་གཞིགས་ན། སྤྱི་ལོ ༢༠༡༥ ལོའི་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ཀྱི་རྒྱུགས་སྤྲོད་དུས་ཚོད་ཟླ ༩ པའི་ཚེས ༡༩ ནས ༢༠ བར་གྱི་ཉིན་གཉིས་ནང་རེད།  རྒྱུགས་ཞུགས་པ་ཡོད་ཚད་གཅིག་གྱུར་ཐོག་དྲ་ཐོག་ནས་མིང་ཐོ་འགོད་དགོས་ཤིང་ཐོ་འགོད་དུས་ཚོད་ཟླ ༦ པའི་ཚེས ༡༦ ནས་ཟླ ༧ པའི་ཚེས ༥ བར་རེད་འདུག མི་རེའི་རྒྱུགས་ཞུགས་གྲོན་དངུལ་སྒོར ༢༥༠ ཡིན་ཞིང་ཟླ ༧ པའི་ཚེས ༡༠ ཉིན་ནི་དངུལ་སྤྲོད་དུས་ཚོད་ཀྱི་ཉིན་ཐ་མ་དེ་ཡིན་པས་གྲོན་དངུལ་རྩིས་ལེན་བྱས་རྗེས་ཐོ་འགོད་ས་གནས་ལ་འགྱུར་བ་གཏང་ཐབས་མེད།
   གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ལོ ༢༠༡༥ ལོའི་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ཀྱི་ཐོ་འགོད་བསླབ་གནས་ཀྱི་ཆ་རྐྱེན་ནི་ཐོ་འགོད་མཁན་གྱི་ཐེམ་ཐོའི་གནས་ཡུལ་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། ཐོ་འགོད་སྐབས་ཐེམ་ཐོའི་གནས་ཡུལ་བསླབ་གནས་གུ་ཡངས་ཀྱི་ས་ཆར་ཡོད་ཚེ་ཆེད་སྦྱོང་ཚན་ཁག་གི་ཁྲིམས་རིགས་སློབ་མ་ཡིག་རྒྱུགས་ལ་ཞུགས་འདོད་མཁན་དག་ཀྱང་ཐོ་འགོད་ཆོག་པའི་གཟིགས་སྐྱོང་སྲིད་ཇུས་ཡོད་པ་སྟེ། བོད་ལྗོངས་ཀྱི་ཁོངས་གཏོགས་གྲོང་ཁྱེར(ས་གནས)དང་རྫོང(ཁུལ)གི་རྒྱུགས་ཞུགས་བསླབ་གནས་ཀྱི་ཆ་རྐྱེན་སློབ་ཆེན་ཆེད་སྦྱོང་ཚན་ཁག་གི་བསླབ་གནས་བར་གུ་ཡངས་གཏོང་རྒྱུ་རེད། ཐོ་འགོད་སྐབས ༢༠༡༦ ལོའི་དངོས་གཞིའི་སློབ་ཐོན་སློབ་མ་འཕུད་ཐོ་འགོད་མཁན་ལ་དེ་མིན་གྱི་འབྲེལ་ཡོད་སློབ་ཐོན་དཔང་ཡིག་ཡོད་མེད་གཞིར་བཟུང་རྒྱུ་ཡིན་འདུག བསླབ་ཚན་ཁག་ལེགས་གྲུབ་བྱུང་རུང་སློབ་ཐོན་ལག་འཁྱེར་རེག་མེད་པའི ༢༠༡༦ ལོའི་ཤེས་རམས་པའི་སློབ་ཐོན་སློབ་མ་དང་། དྲ་རྒྱའི་སློབ་གསོ། དར་མའི་སློབ་གསོ། བརྙན་འཕྲིན་སློབ་ཆེན་སོགས་མཐོ་རིམ་སློབ་གསོ་མྱོང་བའི ༢༠༡༥ ལོའི་སློབ་ཐོན་སློབ་མ་ཡིན་ཕྱིན་ཐོ་འགོད་ཁེ་དབང་ཡོད་པ་རེད།
   ཐེངས་འདིའི་ཁྲིམས་འཛིན་ཡིག་རྒྱུགས་ལ་བོད་ལྗོངས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྒྱུགས་ར་བཤམ་རྒྱུ་ཡིན་པ་དང་དྲ་ཐོག་ནས་ཐོ་འགོད་དགོས་ཤིང་ཐོ་འགོད་མི་སྣས་ཁྲིམས་འཛིན་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས(http://www.moj.gov.cn)ནང་དུ་ཐོ་འགོད་ཆ་འཕྲིན་བསྐང་བ་དང་པར་སྤྲོད་པ། རྒྱུགས་དངུལ་དབུལ་པ། རྒྱུགས་སྤྲོད་དཔང་ཡིག་ཕབ་ལེན་བྱེད་པ་བཅས་བྱེད་དགོས། ཆེས་མཐའ་མའི་ཐོ་འགོད་དུས་ཚོད་ཟླ ༧ པའི་ཚེས ༥ ཉིན་གྱི་ཆུ་ཚོད ༢༤ ཡི་ཐོག་ཏུ་མཇུག་སྒྲིལ་རྒྱུ་ཡིན་པ་དང་ནར་འགྱང་བྱས་ན་བདག་སྤྲོད་ཁས་ལེན་མི་ཐུབ་པ་ཡིན་འདུག  ཐོ་འགོད་ཐོབ་ཐང་ཡོད་རུང་དྲ་རྒྱའི་འཕྲིན་གཏོང་གི་ཆ་རྐྱེན་མེད་པ་སོགས་རྒྱུ་རྐྱེན་གཞན་གྱི་དབང་གིས་དྲ་ཐོག་ནས་ཐོ་འགོད་མི་ཐུབ་རིགས་གཏན་འཁེལ་གྱི་དུས་ཚོད་ནང་ཐོ་འགོད་གནས་ཡུལ་གྱི་ཁྲིམས་འཛིན་ལས་ཁུངས་སུ་ཐོ་འགོད་བྱ་ཆོག་པས་དེ་དོན་གཤམ་གྱི་ཁ་པར་ལས་འདྲི་གཏུག་བྱ་ཆོག

བོད་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་འཛིན་ཡིག་རྒྱུགས་གཞུང་ལས་ཁང་། ༠༨༩༡-༦༢༨༥༦༧༢
གཞིས་རྩེ། ༠༨༩༢-༨༨༢༤༣༣༧
ལྷོ་ཁ། ༠༨༩༣-༧༨༢༢༤༦༠
ཉིང་ཁྲི། ༠༨༩༤-༥༨༢༢༧༥༡
ཆབ་མདོ། ༠༨༩༥-༤༨༢༤༢༡༤
ནག་ཆུ། ༠༨༩༦-༣༨༢༠༨༥༨
མངའ་རིས། ༠༨༩༧-༢༨༢༤༧༣༣
འབྲེལ་ཡོད་རྩོམ་ཡིག