ཕྱི་རྒྱལ་གྱི་གསར་འགྱུར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཅིབ་མཁའ་འགྲུལ་ཀུང་སིའི་མགྲིན་ཚབ་པས། ཨེ་ཅིབ་མཁའ་འགྲུལ་ཀུང་སིའི་ཡ་ལི་ཧྲན་ཀྲོ་ནས་ཁེ་རོར་འཕུར་མཁན་གནམ་གྲུ་ཞིག་བཙན་འཁྲིད་བྱས་ཡོད་པ་དང་གནམ་གྲུའི་ཐོག་འགྲུལ་པ་༨༢ཡོད་པ་དང་གནམ་གྲུ་དེ་སེར་རུ་སིའི་ལ་ནེ་ཁར་བབ་ཡོད་པ་རེད།
གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཅིབ་ཀྱི་རྒྱལ་གཉེར་RIKབརྙན་འཕྲིན་ལས་ཁུངས་ཀྱིས། བཙན་འཁྲིད་བྱས་པའི་ཨེ་ཅིབ་མཁའ་འགྲུལ་ཀུང་སིའི་གནམ་གྲུ་དེ་སེབ་རུ་ལ་སིའི་གནམ་གྲུ་ཐང་ཞིག་ཏུ་བབ་པ་དང་གནམ་གྲུའི་ཐོག་བཙན་འཁྲིད་བྱེད་མཁན་ཞིག་ཡོད་པ་རེད་ཅེས་བཤད་འདུག