ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྡེ་ཁུལ་དུ་རྒྱལ་ཁབ་བདེ་འཇགས་སློབ་གསོ་སྤེལ་བ།

2016-04-18

        ཟླ་4ཚེས་15ཉིན་ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐོག་མ་དེ་ཡིན་པས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་འགོག་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད་རང་ལྗོངས་ཀྱིས་ས་གནས་ཁག་ཏུ་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་འགེལ་རིས་སྦྱར་བ། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་འགུལ་རིས་ཁྱབ་བསྒྲགས་བྱས་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་རྒྱུན་ཤེས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་ལས་ཁུངས་དང་། སྡེ་ཁུལ། གྲོང་གསེབ། སློབ་གྲྭ ཁེ་ལས་བཅས་སུ་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་སྤེལ་ཞིང་། འདི་ནི་རང་ལྗོངས་ཀྱི་སྤྱི་བདེ་སྡེ་ཚན་གྱི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་གནས་ཚུལ་ཡིན་པ།

འབྲེལ་ཡོད་རྩོམ་ཡིག