2014ལོ་ནས་བཟུང་ཆུ་འགོར་སྲུང་སྐྱོང་དང་རླུང་འགོག་བྱེ་འཇགས་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ནགས་གསོ་སྔོ་འགྱུར་ལས་གཞི་སྤེལ་བ་རེད། ལས་གཞི་འགོ་འཛུགས་ས་ཡིན་པའི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་ཡར་ཀླུང་གཙང་པོའི་བྱང་ངོགས་སྣོད་བཅུད་དཔེ་སྟོན་ཁུལ་བཙུགས་ནས་གཞི་ཁྱོན་ཆེན་པོས་གཅིག་སྡུད་ནགས་གསོའི་ཚོད་ལྟ་བྱས། ལོ་གཉིས་ཙམ་སོང་རྗེས་དཔེ་སྟོན་ཁུལ་དུ་གྲུབ་འབྲས་ཐོབ་འགོ་ཚུགས་ཤིང་། ས་སྟོང་མུའུ་ཁྲི་1.8ཐོག་ལྕང་མ་རྐང་ཁྲི་120ལྷག་ཙམ་བཏབ་ནས་གསོན་ཚད་90%ནས་95%བར་ཟིན་ཡོད། དེར་རྒྱལ་ཁབ་དང་ཧྲན་ཏུང་གི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ཡོད། འདི་ལོ་ཡང་ནགས་གསོ་མུའུ་7000ལྷག་ཙམ་བྱ་རྩིས་ཡོད་པ་རེད།
ས་གནས་དེ་གའི་ཚན་པའི་ལས་བཟོས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་གྲམ་ཐང་ཐོག་ཤིང་འཛུགས་བྱེད་པའི་གནས་ཚུལ་ཡིན་པ།
རྣམ་གླིང་རྫོང་ནགས་ལས་ཅུས་ཀྱི་འགན་འཁུར་བས་ཤིང་འཛུགས་ཁུལ་གྱི་ཁྲོན་པའི་ཆུ་ཆེ་ཆུང་ལ་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།