ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཝུའུ་དབྱིང་ཅེས་གཞི་རིམ་ཏང་གི་སློབ་གྲྭ་འཛུགས་སྐྱོང་སོགས་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།

2016-05-27

འདི་ནི་ཝུའུ་དབྱིང་ཅེས་སྟོད་ལུང་བདེ་ཆེན་ཆུས་ཨུད་ཏང་གི་སློབ་གྲྭར་བོད་རྒྱ་སྐད་གཉིས་ཀྱི་སློབ་ཚན་འཚོག་བཞིན་པའི་ལས་བྱེད་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

ཚེས་24ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི། རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་ཁྲེང་ཀོན་ཆུས་སུ་ཕེབས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་དང་གཞི་རིམ་ཏང་གི་སློབ་གྲྭ་འཛུགས་སྐྱོང་སོགས་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

ཚེས་24ཉིན་གྱི་སྔ་དྲོ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་གྱིས་ཐེངས་དང་པོའི་ཏང་ཡོན་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་ཚོགས་འདུ་འཚོགས་ཤིང་། ཝུའུ་དབྱིང་ཅེ་དང་བཅས་པ་ཚོགས་རར་ཕེབས་ཁར། ཏང་ཡོན་འཐུས་མིའི་ཁྲོད་ཕེབས་ནས་གྲོང་རྡལ་དེའི་ཏང་ཨུད་དང་སྒྲིག་ཨུད་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་འདེམས་བསྐོའི་ལས་དོན་ལ་གཟིགས་པ་དང་མཛུབ་ཁྲིད་ཀྱང་གནང་བ་རེད།

ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་གིས་གྲོང་ཁྱེར་དང་། རྫོང་། ཤང་བཅས་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཡོད་པས་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོས་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་ནས་བླང་བྱ་ཁ་གསལ་བཏོན་ཡོད། རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྐབས་བརྗེའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་དུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཀྱི་འོས་མིའི་མཚོན་ཚུལ་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་པ་བཅས་བྱས་ནས་འོས་མི་རྣམས་ཀྱི་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

རྟོག་ཞིབ་གནང་རིང་ཝུའུ་དབྱིང་ཅེ་དང་བཅས་པ་སྟོད་ལུང་བདེ་ཆེན་ཆུས་ཨུད་ཏང་གི་སློབ་གྲྭ་དང་ཁྲེང་ཀོན་ཆུས་ཨུད་ཏང་གི་སློབ་གྲྭར་ཕེབས་ནས་རྒྱལ་ཡོངས་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་བོད་ཀྱི་རིམ་ཁག་ཏང་གི་སློབ་གྲྭ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད་བརྟག་ཞིབ་གནང་བ་རེད། སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་ཁུངས་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་འཛིན་གྲྭའི་སློབ་ཁང་དུ་ཝུའུ་དབྱིང་ཅེ་དང་བཅས་པས་དགེ་རྒན་དང་སློབ་མ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་ཝུའུ་དབྱིང་ཅེས་བོད་རྒྱ“སྐད་གཉིས”ཕན་ཚུན་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་བ་དེ་ནི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བའི་གསོན་ཉམས་དོད་པོའི་ལག་ལེན་ཞིག་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་གཞི་རྟེན་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད། ཁོང་གིས་ཆུས་ཨུད་ཏང་གི་སློབ་གྲྭས་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་མངོན་གསལ་དོད་དུ་བཏང་ནས་སྟབས་བདེ་དང་། གོ་བདེ། སྤྱོད་བདེ་བཅས་ཀྱི་སློབ་གཞི་རྩོམ་སྒྲིག་གིས་བོད་རྒྱ“སྐད་གཉིས”ཕན་ཚུན་སློབ་སྦྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་རྒྱུན་ཆད་མེད་པར་སྤེལ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

ཝུའུ་དབྱིང་ཅེས་རིམ་ཁག་ཏང་གི་སློབ་གྲྭས་རྒྱལ་ཡོངས་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་གི་སློབ་གྲྭས་ཏང་གི་ངོ་བོ་མཐའ་འཁྱོངས་བྱས་ཏེ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་ཏང་སྲོལ་སློབ་གསོ་སློབ་ཚན་གཙོ་བོར་བརྩིས་ནས་སློབ་མ་ཚོས་སློབ་སྦྱོང་དང་ཞིབ་འཇུག་ལ་ཤུགས་རྒྱག་རྒྱུའི་ཐད་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་གོ་དོན་མཐིལ་རྟོགས་ཐད་ཕན་འབྲས་དངོས་ཐོན་པ་བྱས་ཏེ་སྲ་ཞིང་བརྟན་པའི་དད་པ་དང་། སྲ་ཞིང་བརྟན་པའི་དད་སེམས། བཙན་ཞིང་ནན་པའི་སྒྲིག་ཁྲིམས། ནན་ཞིང་ཕོད་པའི་འགན་སེམས་བཅས་ལྡན་པའི་ལས་བྱེད་པའི་དཔུང་ཁག་ཅིག་སྐྱེད་སྲིང་བྱེད་དགོས་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཁྲོད་ཀྱི་ཏང་གི་སློབ་གྲྭའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་འཛུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་གཏོང་དགོས་པ། གཞི་རིམ་ཏང་གི་སློབ་གྲྭར་ལས་དོན་ཁྲོད་གནས་པའི་གནད་དོན་དང་དཀའ་ངལ་སེལ་རོགས་ཧུར་ཐག་བྱེད་པ་དང་རིམ་ཁག་ཏང་གི་སློབ་གྲྭའི་ལས་སྟེགས་བཏོད་ནས་དེ་ཉིད་གཞི་རིམ་ཏང་ཡོན་ལས་བྱེད་པའི་གཡུལ་ས་གཙོ་བོར་འགྱུར་བར་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

འབྲེལ་ཡོད་རྩོམ་ཡིག