ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པེ་ཅིང་དུ་འཁོར་ནག་སྡེབས་གཅིག་ཏུ་མེད་བརླག་བཏང་།

2015-02-04 ཟླ་བ།

༢༠༡༥/༢/༣ ཉིན་གྱི་སྔ་དྲོར། པེ་ཅིང་ཁྲང་ཕིང་ཆུས་སུ་ནག་འཁོར ༡༥༥༡ གཅིག་སྡུད་ཀྱིས་མེད་པར་བཟོས། གསར་འགོད་པས་ཤེས་གསལ་ལྟར་ན། འཁོར་ལོ་འདི་ཚོ་གཅིག་ལའང་འཁོར་བྱང་མེད་པ་དང་། འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བཀག་ཉར་བྱས་རྗེས། དུས་ལས་ཡོལ་ཀྱང་བདག་པོ་ཚོས་ཐག་གཅོད་མ་བྱས་པ་རེད།

ཁྲིམས་འཛིན་མི་སྣས་བཀའ་བརྡ་བཏང་མ་ཐག རྐོ་འཁོར་གསུམ་གྱིས“སྣ་ཞཊ”བརྐྱངས་ཏེ་འཁོར་ནག་དེ་ཚོ་ལེབ་ལེབ་ཏུ་བཟོས།

༢༠༡༤/༩/༡༥ནས་བཟུང་། པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་ཀྱིས་འགྲིམ་འགྲུལ་དག་ཐེར་བྱ་བ་བསྒྲུབས་ཏེ། ཁྱོན་ནག་འཁོར་དང་རྐང་གསུམ ༣༤༦༤ བཀག་ཉར་བྱས། འགྲིམ་འགྲུལ་དོ་དམ་ཅུད་ཀྱིས། འཁོར་རིགས་ཁྲིམས་འགལ་ཡིན་ཚད་འཁོར་བདག་དུས་ལྟར་དོ་དམ་ཅུད་དུ་ཐག་གཅོད་དང་ལེན་བྱ་རུ་མ་ཡོང་ན། འཁོར་རིཊ་དེ་གཏོར་ནས་མེད་པ་བཟོ་རྒྱུ་ཡིན་ཞེས་བསྟན་པ་རེད།
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག