ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མའོ་ཙེ་ཏུང་གི་ཆེད་བསྐོས་པར་སྐྱོན་མཁན་ལི་ཧུག་མེན་ཚེ་ལས་འདས།

2015-03-10 ཟླ་བ།
  ༢༠༡༥ ལོའི་ཟླ ༣ པའི་ཚེས ༩ ཡི་ཐོ་རེངས་ལ། པར་སྐྱོན་མཁན་སྐད་གྲགས་ཅན་ལི་ཧུག་མེན་པེ་ཅིང་དུ་ཚེ་ལས་འདས་ཤིང་། དགུང་གྲངས ༨༨ ཡིན། ལི་ཧུག་མེན་ནི་མའོ་ཙེ་ཏུང་གི་འགྲམ་དུ་ལས་ཀའི་དུས་ཚོད་ཆེས་རིང་པའི་པར་སྐྱོན་མཁན་ཡིན། ༡༩༥༠ སྟེ་ཁོ་ལོ ༢༡ ནས་རྩ་འཛུགས་ཀྱིས་ཀྲུང་ནན་ཧེར་གཙོ་འཛིན་གྱི་པར་སྐྱོན་མཁན་དུ་མངགས། ལོ ༡༤ རིང་ལ། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལེ་སོགས་རྒྱལ་ཁབ་ཀྱི་གཙོ་འཛིན་དག་གི་སྐད་ཅིག་མ་རྩ་ཆེན་པོ་དག་པར་དུ་བླངས་པ་རེད།
《མའོ་ཙེ་ཏུང་དང་ཀྲོའུ་ཨན་ལེ》
  ༡༩༥༣ ལོར་ཀྲུང་ནན་ཧེ་རུ་བསྡུས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུངགི་ཚོགས་འདུས་ཐེངས ༢༤ པའི་སྟེང་དུ། ཚོགས་འདུ་གྲོལ་དུས་ཀྲོའུ་ཨེན་ལེ་ལམ་སེང་ཕྱིན་པར་ཡིག་ཆ་བསྣམས་ཏེ་མའོ་ཙེ་ཏུང་གི་གམ་དུ་འོངས། མའོ་ཙེ་ཏུང་གིས་ཚོར་རྗེས་དེ་མུར་ཡར་ལངས་ནས་ཁོ་གཉིས་དཔུང་པ་མཉམ་གཤིབ་དུ་འགྲེང་བའི་རྣམ་པ་དེ་ལྷུན་ཆགས་ལ་སྙིང་ཉེ་བར་སྣང་བས། ཆེད་ལས་ཀྱི་ཚོར་བ་སྐྱེན་པའི་པར་སྐྱོན་མཁན་གྱིས་དེ་མ་ཐག་པར་མིག་ཐག་སེར་བརྡབས། 《མའོ་ཙེ་ཏུང་དང་ཀྲོའུ་ཨན་ལེ》ཞེས་པའི་འདྲ་པར་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ནས་བཀྲམས་རྗེས་ཚུར་སྣང་ཆེན་པོ་བྱུང་ཞིང་། ཕྱིས་འགེལ་པར་ཆེན་པོ་བཟོས་ཏེ་ཀྲུང་གོའི་ཁྱིམ་ཚང་ཁྲི་ཁྲི་འབུམ་འབུམ་དུ་སྦྱར།
པར་སྐྱོན་མཁན་དང་མའོ་ཙེ་ཏུང་།
འབྲེལ་ཡོད་རྩོམ་ཡིག