ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སིལ་ཟས“སུར་ལེབ”བཟོ་སའི་ཁོར་ཡུག་སྐྱུག་རེ་བྲོ།

2015-03-16 ཟླ་བ།

“སུར་ལེབ”སྟེ་སུར་པན་ལེབ་མོ་དེ་དྲ་དམངས་དག་གིས་ཁ་ཏོག་སྡུག་ཤོས་སུ་རྩི་བཞིན་ཡོད་དེ། ཁ་ཏོག་ཆུང་ངུ་འདི་བལྟས་མདོག་ཆེན་པོ་མེད་ནའང་།  སྔོ་ཚོད་ཚོང་ར་དང་ཚོང་ཁང་ཆུང་བ་སོགས་མེད་ས་ཞིག་མེད་ལ། དྲ་ཐོག་ཚོང་ཁང་དུའང་འབར་གྱིན་པའི་སྒང་རེད། ཐ་ན་རྒྱལ་སྤྱིའི་ཚོང་རར་ཡང་འགྲོ་གྲབས་བྱེད་འདུག་ལ། འཛད་སྤྱོད་མཁན་ཡང་ས་ཡ་ཡན་ཆད་ཡོད། གཙོ་བོ་ཡུལ་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་། ཞིང་སྡེའི་ཕྲུ་གུ་སོགས་ཡིན། མི་རྣམས་ཀྱི་སེམས་ཁྲལ་བྱེད་ས་གཅིག་ནི“སུར་ལེབ”གཙང་མ་ཡིན་མིན་དེ་རེད།  པར་འདི་ནི་ཧི་ནན་ཞིང་ཆེན་ཐུང་ཞི་རྫོང་གི་བཟོ་ལས་ར་བའི་ཁེ་ཧྥུན་ཅིན་སོང་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་སྣོན་ཡུལ་དངོས་ཡིན་ལ། བཟོ་བ་ཚོས་ལག་པ་རྗེན་པར་སུར་ལེབ་དག་འགྱིག་ཁུག་ཏུ་འཇུག་གིན་ཡོད།(ཟླ ༣ པའི་ཚེས ༧ ཉིན)

ཧི་ནན་ཞིང་ཆེན་ཐུང་ཞི་རྫོང་གི་བཟོ་ལས་ར་བའི་ཁེ་ཧྥུན་ཅིན་སོང་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་སྣོན་བྱེད་ས་རུ།  སུར་ལེབ་སྐྱེལ་འདྲེན་བྱེད་སྤྱད་ཀྱི་འགྱིག་སྒམ་སྟེང་མི་གཙང་བའི་འབག་བཙོག་ཆགས་ཡོད་པ།

ཟླ ༣ པའི་ཚེས ༧ ཉིན། ཧི་ནན་ཞིང་ཆེན་ཐུང་ཞི་རྫོང་གི་བཟོ་ལས་ར་བའི་ཁེ་ཧྥུན་ཅིན་སོང་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་སྣོན་ཁང་དུ། ལས་བཟོ་བ་ཁ་ཅིག་གིས་སུར་ལེབ་ལ་ཡུན་རིང་རེག་པས་ལག་པ་གཉིས་པོ་དམར་མདངས་ཀྱིས་ཟིན་ལ། ཡང་མཛུབ་མོ་སྐྲང་པ་ཡོད་པ་མ་ཟད་མཛུབ་མོ་རལ་བའང་ཡོད་དེ། རས་དཀྲིས་བརྒྱབ་ནས་མུ་མཐུད་དུ་ལས་ཀ་བྱེད།

ཧི་ནན་ཞིང་ཆེན་ཐུང་ཞི་རྫོང་གི་བཟོ་ལས་ར་བའི་ཁེ་ཧྥུན་ཅིན་སོང་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་སྣོན་ཁང་དུ། བཟོ་བས་ལག་རྗེན་པས་ཐད་ཀར་སུར་ལེབ་ཁུག་མར་འཇུག་གིན་པ།

ཧི་ནན་ཞིང་ཆེན་ཐུང་ཞི་རྫོང་གི་བཟོ་ལས་ར་བའི་ཁེ་ཧྥུན་ཅིན་སོང་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་སྣོན་ཁང་གི་ཕྱི་རུ། ཅ་ལག་ཆབ་ཆོབ་ཀྱིས་ཁེངས་ཤིང་བཙོག་ཆུ་གང་སར་བཞུར།

ཧི་ནན་ཞིང་ཆེན་ཐུང་ཞི་རྫོང་གི་བཟོ་ལས་ར་བའི་ཁེ་ཧྥུན་ཅིན་སོང་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་སྣོན་ཁང་གི་ཕྱི་རུ། ཅ་ལག་ཆབ་ཆོབ་ཀྱིས་ཁེངས་ཤིང་བཙོག་ཆུ་གང་སར་བཞུར།
འབྲེལ་ཡོད་རྩོམ་ཡིག