འདིར་བཀོད་པའི་པར་ཚོམས་ནི། ཕྱི་ཟླ ༥ པའི་ཚེས ༡༧ ཉིན་ཁྱུང་ཆེན་དྲ་བའི་གསར་ལམ་དུ།"མིའི་རིགས་ཀྱིས་གོ་ལ་རློག་གིན་འདུག་པའི་པར་ཚོམས"ཞེས་པ་དེ་ཡིན།
གོ་ལ་ཧྲིལ་བོ་ཇེ་དྲོར་འགྲོ་བ་ནི་སེམས་ཚེགས་བྱ་ཡུལ་གྱི་གནད་དོན་གཅིག་པུ་མ་ཡིན་པར། མི་འབོར་སྟུག་པོར་འགྲོ་བ་དང་སྦགས་བསླད། རྔོན་རྐུན། གཏེར་ཁའི་ཐོན་ཁུངས་ཟད་པ་སོགས་ཀྱིས་གོ་ལ་ཉམས་དམས་སུ་གཏོང་བཞིན་ཡོད་པར་མ་ཟད། གྲངས་རིག་གི་དུས་རབས་འདིར་བྱུང་བའི་ཟས་རིགས་ཐོན་སྐྱེད་དང་འཁྱགས་དར་ཞུ་བ་ལྟ་བུའི་རྐྱེན་ངན་རབ་དང་རིམ་པས་ང་ཚོའི་གོ་ལ་དང་འཚོ་སྡོད་ལ་བཅར་བཞིན་ཡོད། གནད་དོན་འདིར་ཀུན་གྱི་དོ་སྣང་ཡོང་བའི་ཕྱིར་སྐྱེ་ཁམས་གཏིང་མ་དང་མི་འབོར་ཞིབ་འཇུག་ལྟེ་གནས་ཀྱིས་མིའི་རིགས་ཀྱིས་ཕྱོགས་སོ་སོ་ནས་གཏོར་སྐྱོན་བཏང་བའི་ས་གཞི་དང་བར་སྣང་། རྒྱ་མཚོ་སོགས་ཀྱི་པར་ཡང་ཡང་བཀྲམས་ནས་བསམ་གཞིག་གི་ཀློང་དུ་འདྲེན་པར་བྱེད། འདིར་མིའི་རིགས་ཀྱིས་རླག་བཞིན་པའི་གོ་ལའི་སྣེ་སོ་སོ་ནས་བླངས་པའི་པར་ཉེར་བརྒྱད་ཀྱི་བདག་ཉིད་ཅན་གསལ་བཤད་དང་བཅས་རེ་རེ་འགོད་པ་ལ། པར་ཐོག་མ་འདི་ནི་ཧིན་ཉིའི་རླབས་ཤུད་པDede Surinayaཤུད་སྐབས་རྒྱ་མཚོའི་གད་སྙིགས་མང་པོས་སྐོར་ནས་འདུག་པའི་ཚུལ།
དབྱིན་ཇིའི་སོལ་སྲེག་གློག་འདོན་བཟོ་གྲྭ་ཞིག་གིས་མཇུག་རླངས་ཕྱིར་བཏང་ནས་མཁའ་དབུགས་རྩོག་པོར་བསྒྱུར། འདི་ལྟར་རིང་བོར་འདས་ན་མཁའ་དབུགས་གཙང་མ་འབྱིན་རྔུབ་བྱེད་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་ཤིག་ཏུ་ལྷུང་སྲིད།
ཞུ་བཞིན་པའི་དར་གྱི་རྦབ་ཆུ། བྱང་སྣེ་དང་ལྷོ་སྣེ་ཁུལ་གྱི་འཁྱགས་དར་ཞུ་བཞིན་འདུག
ཉིན་རེར་ཟད་བཞིན་པའི་སྣུམ་ཁྲོན་ནི་མིའི་རིགས་ཀྱིས་སྐྱེ་ཁམས་གཏོར་བརླགས་བྱས་པའི་དཔང་རྟགས་ཡིན། འདི་ནི་ཁཱ་ལེ་ཧྥོ་ཉིས་ཡའི(California)Kern Riverསྣུམ་ཞིང་རེད།
ནོར་ཝེའི་སི་ཝར་བྷོར་གླིང་ཚོམས་ནུབ་ཕྱོགས་ཀྱི་མཚོ་འགག་ཏུ་དགུན་ཁར་དུས་རྒྱུན་དར་ཆགས་བཞིན་ཡོད་ཀྱང་། ད་ལྟ་དུས་བཞིར་མི་ཆགས་པས་དོམ་དཀར་འདིས་རྔོན་རྒྱག་གི་འཁྱག་དར་འཚམ་པོ་མ་ཆུད་པས་མུག་ཤི་ཐེབས།
༢༠༡༡ ལོར་ཉི་ཧོང་ནས་མཚོ་ཁྱོམ་གྱིས་ཉིང་ཉེན་ཚབས་ཆེན་བྱུང་བར་འཛམ་གླིང་ནས་དོ་སྣང་ཆེན་པོ་བྱས། འོན་ཀྱང་ཀུན་གྱི་མཐོང་ལམ་དུ་མ་གྱུར་བ་ཞིག་ནི་མཚོ་ཁྱོམ་གྱིས་ཉི་ཧོང་ཐོ་ཁེའོ་ཡི་ཉེ་འདབས་ཀྱི་རྫས་འགྱུར་འབར་རྫས་ཐོན་ཁུངས་འདི(པར)ཐེ་བའི་རྨང་གཞིའི་སྒྲིག་ཆས་མང་པོ་གཏོར་བརླགས་བྱས་ཡོད་པ་རེད།
ཨ་རིའི་ནེ་ཝ་དྷ་མངའ་སྡེའི་བྱེ་ཐང་ཁྲོད་ཀྱི་གད་སྙིགས་ར་བར་ཡོད་པའི་འཁོར་ལོའི་གད་སྙིགས།
ཨུ་རུ་སུ་རུ་ཡོད་པའི་འཛམ་གླིང་ཐོག་ཆེས་ཆེ་བའི་རྡོ་རྗེ་ཕ་ལམ་གྱི་གཏེར་ཁ།
ཁ་ན་ཏའི་གདོད་མའི་ནགས་ཚལ་འདིར་བྱང་ཕྱོགས་ཀྱི་བྷ་རེ་ཟེ་ཞེས་འབོད།
དུས་བརྒལ་གློག་ཀླད་དང་དེ་བཞིན་གྱི་གློག་རྡུལ་ཐོན་རྫས་མང་པོ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་དྲངས་ནས་ཐག་གཅོད་ཐབས་བྱེད་བཞིན་ཡོད།
༢༠༠༧ ལོའི་ཟླ ༡༡ པའི་ཚེས ༢༤ ཉིན། ཨ་རིའི་ཨེ་དྷི་ཧོའི(Idaho)མངའ་སྡེའི་པོ་སེའི་གྲོང་གི་སྤྱི་གླིང་ཟོག་ཉོ་ལྟེ་གནས་སུ་བྲིན་ཐབས་བྱེད་པས་ཉོ་མཁན་འཚང་ཁ་བྱེད་བཞིན་པ།
མཚོ་ངོས་ཡར་འཕགས་པས་མོ་དྷེབ་སི་གླིང་ཚོམས་ཉེན་ཁའི་གནས་སུ་གྱར།
མི་གྲངས་བྱེ་བ་གཉིས་དང་ས་ཡ་གཉིས་ལྷག་འདུས་ལ། དབྱིན་ལེ་གྲུ་བཞི་མ་རེར་མི་ཁྲི་གསུམ་འཚང་བའི་རྒྱ་གར་གྱི་ཏི་ལི་གསར་བའི་ཐུར་ལྟའི་པར།
བྱ་རོ། འཛམ་གླིང་གི་ཉོ་ཚོང་ལྟེ་བ་དང་གྱེས་པའི་བྱེ་ཐང་དུ་བྱ་རོ་ཞིག་འདུག འདས་རྐྱེན་ནི་མིས་བཟོས་འགྱིག་རིགས་མང་པོ་ཟས་བས་ཡིན་འདུག བྱེ་ཐང་འདིར་འདི་ལྟ་བུའི་གནས་ཚུལ་རྒྱུན་འབྱམས་སུ་གྱུར།
ཨ་རིའི་ལོ་རྒྱུས་ཐོག་གདུག་རྩུབ་དང་སྟོབས་ཆེས་ཆེ་བའི་དྲག་རླུངKatrina
མིའི་རིགས་གསོ་བ། སི་ཕེན་གྱི་ཨར་མེ་ཡའི་དྲོད་ཁང་ཆེན་མོའི་པར།
ཆུ་ལམ་གསར་བཟོའི་ཕྱིར་ཨ་རིའི་ཨོ་རེ་ཀན་ཝེ་ལ་མེ་ཐྲི་རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང(The Willamette national Forest Park in Oregon)གི་ཤིང་སྡོང་མང་པོ་གང་བྱུང་བཅད་པ།
གྲོང་ཁྱེར་ཆེན་པོའི་གློག་འོད་གསལ་གསལ། ལོ་ཧྲན་ཅི་རུ་ཡོད་པའི་མི་བྱེ་བ་གཅིག་དང་ས་ཡ་ལྔ་ཨ་རིའི་མཛད་སྤྱོད་དང་རིག་གནས་སྣེ་ཁྲིད་པར་གྱུར།
སྔོག་འདོན། ཁ་ན་ཏའི་ཨར་པོར་ཐ་ཞིང་ཆེན་དུ་ཡོད་པའི་སྣུམ་གཏེར་གྱི་ཐུར་ལྟའི་པར། སྔོག་འདོན་དང་གཏེར་མཇུག་རྫབ་རྫིང་ཆེ་བས་ཕྱིའི་བར་སྣང་ནས་མཐོང་ཐུབ།
གོ་ལ་ཧྲིལ་བོ་ཇེ་དྲོད་སོང་བའི་མཇུག་འབྲས་གཅིག་ནི་ནགས་ཚལ་གྱི་མེ་དགྲ་ཇེ་མང་དང་ཇེ་དྲག་ཏུ་ཕྱིན། འདི་ནི་ཨ་རིའི་ཁོ་ལོ་ར་ཏོ(Colorado)མངའ་སྡེའི་ནགས་ཚལ་མེ་ཤོར་བའི་ཚུལ།
བྷང་ག་ལའི་གད་སྙིགས་ར་བ།
ཀྲུང་གོའི་ནང་སོག་ཏུ་རྨ་ཆུའི་དྲི་ངན་འབྲོག་པ་ཞིག་གི་སྣར་ཟུག་པ།
ཁ་ན་ཏའི་ཨར་པོར་ཐ་ཞིང་ཆེན་གྱི་སྣུམ་ཞིང་དུ་ཡོད་པའི་སྐྱེལ་འདྲེན་རླངས་འཁོར་གྱད་པོ་ཆེ།
ཁེན་ནི་ཡའི་བྱང་ཕྱོགས་ནས་ལྐོག་རྔོན་བྱས་པའི་གླང་ཆེན་གྱི་རོའི་རྒྱབ་ཏུ་གྲུག་རྒྱག་པ་ཡོ་མིན་ལངས་པའི་པར།
དབྱིན་ཇིའི་ལོན་ཏོན་ཐེ་ཝུ་ཧྲི་ཆུའི་བར་སྣང་གི་པར། སྐྱེལ་འདྲེན་འཛམ་གླིང་ཅན་དང་ལྷག་པར་ཚོང་འགྲུལ་གནམ་གྲུ་ནི་མཁའ་དབུགས་འབགས་བསླད་དང་དྲོད་ཁང་ནུས་སྣང་གཏོང་མཁན་གཙོ་བོ་ཡིན།
མིའི་རིགས་དང་རང་བྱུང་གི་གདོང་ཐུག་ཅེས་པའི་པར་སྟེ། བྷ་རེ་ཟེའི་ཨ་མ་སོན་གདོད་མའི་ནགས་ཚལ་འབར་བཞིན་པ། བཞོ་མ་སྔར་བཞིན་གཟན་ལ་རྔམ་བཞིན་པ།
རྒྱ་བསྐྱེད་བཞིན་པའི་མོག་ཞི་ཀོ་གྲོང་ཁྱེར་གྱི་སྡོམ་རྒྱ་བཞིན་འཐེན་པའི་འཛུགས་སྐྲུན་ཁྲོད་རང་བྱུང་གི་མཛེས་ལྗོངས་ཟེར་བ་གང་དུ་མཆིས།
ཨུ་རུ་སུའི་སི་བྷོ་རི་ཡ་ནས་ལྐོག་རྔོན་པའི་ལག་ནས་བླངས་པའི་སི་བྷོ་རི་ཡའི་སྟག་ལྤགས།