ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྡོང་འགོར་འཛེགས་པའི་སེང་གེ།

2015-05-26
          ལོ ༦༣ ཡིན་པའི་ལས་འཁྱུར་ངལ་གསོ་དཔོན་མི་ཁྲར་སི་ཡིས་ཁེན་ནི་ཡའི་མ་སེ་མ་ལ་སྲུང་སྐྱོང་ཁུལ་ནས་མ་ཧེ་དང་སེང་གེའི་བར་གྱི་གཏམ་རྒྱུད་དགོད་བྲོ་བ་ཞིག་པར་མིག་ཏུ་བླངས། ནགས་ཚལ་གྱི་རྒྱལ་པོར་འབོད་པའི་སེང་གེ་ནི་རྩྭ་ཐང་ནས་སྨྱོས་པ་ལྟར་གྱི་མ་ཧེ་ཁྱུ་ཞིག་གིས་འདེད་བཞིན་ཡོད་པ་དང་། སེང་གེས་རང་ཉིད་ཀྱི་མ་ཧེ་ཁྱུ་ཡི་དོ་ཟླར་མི་ཡོང་པ་ཚོར་ཏེ། འགྲོས་མྱུར་མོས་འབྲོ་བཞིན་ཡོད་ལ་མཐར་རང་ཉིད་ཀྱི་ལ་རྒྱ་ཤོར་བ་ལ་ཡང་མི་འཛེམ་པར་མདུན་ཕྱོགས་ཀྱི་སྡོང་བོའི་ཐོག་འཛེགས།
མ་ཧེ་ཁྱུ་ཡིས་སེང་གེ་མཐོང་རྗེས། ཁོང་ཁྲོ་ཆེན་པོས་སྨྱོས་པ་ལྟར་སེང་གེའི་རྗེས་དེད་པ་རེད། སེང་གེ་མ་ཧེ་ཁྱུ་ཡིས་རྡོག་བརྫིས་བྱེད་པར་སྐྲག་སྟེ་མགྱོགས་མྱུར་སྡོང་འགོར་འཛེགས།
མ་ཧེ་ཁྱུ་ཡིས་ཤིང་སྡོང་འོག་ཏུ་སེང་གེ་མར་འབབ་རྒྱུར་སྒུག་ཡོད།

སེང་གེས་མ་ཧེ་ཁྱུ་ལ་ལྟ་ཞིབ་བྱེད་བཞིན་འབྲོ་ཐབས་ལ་འདང་རྒྱག་བཞིན་པ།
སེང་གེས་མ་ཧེ་ཁ་ཟས་སུ་བསྟེན་ཐབས་མེད་པ་རྟོགས་ནས་མགྱོགས་མྱུར་སྡོང་བོ་ལས་བབས་ཏེ་ཤུགས་ཀྱིས་བྲོས།
སེང་གེས་མ་ཧེའི་ཁྱུ་ཚོགས་རྒྱབ་ཏུ་བསྐྱུར་ཏེ་ཐག་རིང་དུ་བྲོས།
འབྲེལ་ཡོད་རྩོམ་ཡིག