ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱ་གར་ལ་ཚད་པ་བྱུང་སྟེ་མི ༨༠༠ ལྷག་ཤི།

2015-05-27

ཟླ ༥ པའི་ཚེས ༢༧ ཉིན་ཕྱི་རྒྱལ་གྱི་གསར་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ནང་རྒྱ་གར་གྱི་ས་ཁུལ་མང་པོར་ཚད་པ་བྱུང་ཡོད་ཅིང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ ༥༠ ལ་ཐོན་འདུག་པ་བརྗོད་འདུགའདྲ་པར་འདི་ནི་རྒྱལ་ས་རྡི་ལི་གསར་པའི་སྲང་ལམ་ཚད་པས་བཞུས་པའི་རྣམ་པ་ཡིན།

གནས་དེའི ༢༠༡༥ ལོའི་ཟླ ༥ པའི་ཚེས ༢༦ ཉིན། རྒྱ་གར་ཌོ་དཱ་པཱ་ལ་ཕོར་ས་ཁུལ་དུ་སོ་ནམ་པ་ཞིག་སེར་ཁས་གང་པའི་ས་ལ་སྡོད་པའི་རྣམ་པ།

གནས་དེའི་ཟླ ༥ པའི་ཚེས ༢༦ ཉིན། རྒྱ་གར་ཌོ་དཱ་པཱ་ལ་ཕོར་ས་ཁུལ་དུ་བུ་མོ་ཞིག་གིས་ཆུ་འཐུང་བཞིན་པ།

གནས་དེའི་ཟླ ༥ པའི་ཚེས ༢༤ ཉིན། རྒྱ་གར་རྡི་ལི་གསར་པའི་སྐྱེས་པ་ཞིག་གི་རྔུལ་ཆུ་འབྱིད་བཞིན་པ།

གནས་དེའི་ཟླ ༥ པའི་ཚེས ༢༤ ཉིན། རྒྱ་གར་ཧེ་ཌི་ལཱ་པ་ས་ཁུལ་གྱི་སྐྱེས་པ་ཞིག་གིས་རང་གི་གདོང་ལ་ཆུ་གཏོར་བའི་རྣམ་པ།

རྒྱ་གར་ཨ་མོ་ལིས་ཙི་ས་ཁུལ་གྱི་ལས་ཀ་བ་ཞིག་གིས་ཆུ་སྒོའི་འོག་ཏུ་ཁྲུས་བྱས་ཏེ་ཚ་བ་སེལ་བཞིན་པ།

གནས་དེའི་ཟླ ༥ པའི་ཚེས ༢༤ ཉིན། རྒྱ་གར་ཀྲ་མའོ་ས་ཁུལ་གྱི་གཞོན་ནུ་ཞིག་གིས་གདོང་ལ་ཆུ་གཏོར་ནས་ཚ་བ་སེལ་བའི་རྣམ་པ།

རྒྱ་གར་ཌོ་དཱ་པཱ་ལ་ཕོར་ས་ཁུལ་གྱི་སྐྱེས་པས་ལུས་པོ་ལྭ་བས་སྒྲིབ་ཏེ་ཚ་གདུག་དང་ཉི་ཟེར་དྲག་པོ་འགོག་བཞིན་པའི་ཚུལ།

རྒྱ་གར་གསར་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་། ཚེས ༢༥ བར་དུ་རྒྱ་གར་གྱི་ས་ཁུལ་ཁ་ཤས་ལ་ཚད་པ་བྱུང་སྟེ་རྐྱེན་ལམ་ལ་ཤོར་བའི་མི་གྲངས ༨༠༠ ལ་ཉེ་བར་འཕར་ཡོད་པ་བརྗོད་ཡོད།

རྒྱ་གར་ཚགས་པར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས ༢༥ ཉིན་བར་རྒྱ་གར་ལྷོ་ཕྱོགས་ཀྱི་ཨན་ཌི་ལཱ་ས་ཁུལ་དུ་ཚ་གདུག་གིས་ཤི་བའི་མི་གྲངས ༥༥༡ ལ་འཕར་ཡོད་པ་དང་།ཐི་ལོན་ཀན་ནཱ་ས་ཁུལ་དུ་མི ༡༩༩ ཚད་པས་ཤི་ཡོད། དེ་མིན། ད་དུང་ས་ཁུལ་གཞན་གཉིས་ནས་ཀྱང་མི ༣༦ ཚད་པས་ཤི་ཡོད་འདུག

རྒྱ་གར་གྱི་ལོ་རེའི་ཆར་དུས་མ་སླེབས་གོང་གི་ཟླ ༥ པར་ནམ་རྒྱུན་ཚད་པ་ཆེ་བའི་ནམ་གཤིས་བྱུང་སྲིད་ཀྱང་། ད་ལོར། ས་ཁུལ་ཁག་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ལོ་སྔོན་མ་དག་ལས་མཐོ་འདུགཨན་ཌི་ལཱ་དང་ཐི་ལོན་ཀན་ནཱ་ས་ཁུལ་གཉིས་ཀྱི་དྲོད་ཚད་ནི་དུས་མཚུངས་ཀྱི་ཆ་སྙོམས་དྲོད་ཚད་ལས་ཧྲེ་ཧྲིའི་དྲོད་ཚད ༣ ནས ༦ གིས་མཐོ་ཡོད། ཉེ་བའི་ལོ་འགའི་རིང་རྒྱ་གར་གྱི་ས་ཁུལ་མང་པོ་ལ་འདི་ལྟ་བུའི་དྲོད་ཚད་མཐོ་བའི་གནམ་གཤིས་བྱུང་མྱོང་མི་འདུག

རྒྱ་གར་གནམ་དཔྱད་སྡེ་ཁག་གིས་མ་འོངས་པའི་ཉིན་འགའི་རིང་ད་དུང་མུ་མཐུད་ནས་ཚད་པ་འབྱུང་སྲིད་པའི་ཉེན་བརྡ་བརྒྱབ་ཡོད་ཅིང་། ཨན་ཌི་ལཱ་ས་ཁུལ་གྱི་གནོད་འཚེ་དོ་དམ་ཚོད་འཛིན་སྡེ་ཁག་གི་འགོ་བ་ཞིག་གིས་སྲིད་གཞུང་གིས་བརྙན་འཕྲིན་དང་སྨྱན་ལམ་གཞན་དག་བརྒྱུད་དེ་མི་རྣམས་ལ་ཆུ་མང་དུ་འཐུང་དགོས་པ་དང་། ཕྱི་ལ་ཐོན་དུས་ཚ་འགོག་བྱེད་ཐབས་སྤྱོད་དགོས་པའི་ཐད་ནས་བསླབ་བྱ་གནང་ཡོད་ཟེར། དེ་མིན་ཨན་ཌི་ལཱ་ས་ཁུལ་གྱིས་སྲིད་གཞུང་སྡེ་ཁག་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཁག་ལ་ཆུ་འཐུང་ས་འཛུགས་དགོས་པའི་རེ་བའང་ཞུས་ཡོད།

འབྲེལ་ཡོད་རྩོམ་ཡིག